ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༦ ཉིན་གྱི་དགོང་དྲོ་ཚོུད་ ༦ ནས་ ༧།༣༠ བར་ལྡི་ལི་བོད་ཁྱིམ་མཐོ་སློབ་སྡོད་ཁང་ཚོགས་ཁང་དུ་སློབ་ཕྲུག་་ ༨༠ ཙམ་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ་དང་། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ནས་ ༡༢།༣༠ བར་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་དང། རང་བདེན་ཚོགས་གཙོ། བརྒྱ་དཔོན་དང་ལས་བྱེད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་སྐུ་ཚབ་དང་མང་ཚོགས་གྲངས་ ༣༠ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ངོ་སྤྲོད་དང་སྦྲགས། ཁྲིམས་ཁོངས་ཁྱབ་ཚད། གྱོད་ཡའི་མོས་མཐུན་ཆོད་ཡིག་ལག་བསྟར་དམ་ཡིག གཞི་རྩའི་ཆ་རྐྱེན། བྱེད་ཐབས་ཇི་ཡོད། གྱོད་ཡ་ཉམས་ཐག་ལ་མཐུན་རྐྱེན། ཞུ་རྩ་དང་ཞུ་ལན་བཟོ་ཕྱོགས། གཞན་ཡང་སྤྱི་མང་གཏུག་བཤེར་གྱི་དོན་ཚན་གལ་ཆེ་ཁག ཟུར་བཙུགས་ས་གནས་ཁྲིམས་ཞིབ་ཁང་གི་འཕྲལ་སེལ་ཞུ་གཏུག་བྱ་ཡུལ། དེ་བཞིན་བཅའ་ཁྲིམས་ནང་གཞི་རྩའི་ཐོབ་ཐང་དང་ལས་འགན་བཅས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང། དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།
བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པས་ཁྲིམས་ལུགས་གོ་རྟོགས་སྤེལ་བ།
གསར་གནས།
འབྲེལ་གནས།