ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་ཆབ་སྲིད་པ་སྐུ་ཞབས་སཏ་ཡ་པྲ་ཀཱཤ་མཱ་ལཱ་ཝི་ཡ་(Satya Prakash Malaviya)ལགས་སུ་ཁོང་གི་ཡབ་དམ་པ་རྒྱ་གར་གྱི་ཆབ་སྲིད་པ་དང་བོད་དོན་རྒྱབ་སྐྱོར་བ་མ་ཌན་མོ་ཧན་མཱ་ལཱ་ཝི་ཡ་(Shri. Madan Mohan Malaviyaji) ལགས་ལ་བྷ་རཏ་རཱཏ་ན་(Bharat Ratna award)ཞེས་པའི་གཟེངས་རྟགས་འབུལ་ལམ་ཞུས་པར་འཚམས་འཕྲིན་ཕུལ་བའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཀྱི་ཡབ་དམ་པ་མ་ཌན་མོ་ཧན་མཱ་ལཱ་ཝི་ཡ་ལགས་ལ་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ན་གཟེངས་རྟགས་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱ་གར་གཞུང་གིས་སྐུ་ཉིད་ཀྱི་ཡབ་ཆེན་ལ་གནང་ཕྱོགས་དེར་བསྔགས་བརྗོད་ཞུ་རྒྱུ་དང་། གོ་སྐབས་འདི་བརྒྱུད་སྐུ་ཉིད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
མ་ཡིག་ངོ་མ་དབྱིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།