༢༠༡༤ ཟླ་ ༡༠ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༢ ནས་ ༢༢ བར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་། སྦེལ་ཇམ། ནེ་དར་ལེན་ཌི། སི་པེན་བཅས་སུ་བོད་རིགས་མི་མང་རྣམས་ཀྱི་བདེ་སྡུག་གཟིགས་རྟོག་དང་མང་ཚོགས་ལ་གསུང་བཤད། གྲོས་ཚོགས་འཐུས་མི་རྣམས་དང་ལྷན་མཇལ་འཕྲད། ཁྱད་མཁས་མི་སྣ་དང་ཉམས་ཞིབ་རྣམས་དང་བགྲོ་གླེང་ཚོགས་འདུ། བརྒྱུད་ལམ་ཁག་གི་མི་སྣ་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༢ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་པ་རཱག་ཏུ་ཕེབས་འབྱོར་གནང་སྟེ། ཕྱི་ཚེས་ ༡༣ ནས་ ༢༠ བར་པ་རཱག་དང་། སྦེལ་ཇམ། ནེ་དར་ལེན་ཌི། སི་པེན་བཅས་སུ་ལས་རིམ་དང་། ཕྱི་ཚེས་ ༢༡ ཉིན་བྷར་སི་ལོ་ན་ནས་ཝི་ཡ་ན་བརྒྱུད་ལྡི་ལིར་ཕེབས་འཐོན་གནང་རྒྱུ་ཡིན་འདུག
སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
གསར་གནས།
འབྲེལ་གནས།