༢༠༡༤ ཟླ་ ༡༠ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༨ པའི་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༤།༡༥།༨།༤ དང། ཡིག་ཆ་ཨང་ ༢༩ པའི་དགོངས་དོན། ཤེས་ཡོན་ཚོགས་ཆུང་དུ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་བཅས་བསྐོ་གཞག་གནང་བ་བཞིན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་ནས་ཚོགས་ཆུང་གི་ལས་དོན་འགོ་འཛུགས་གནང་སྟེ། ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང། ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྣམ་གཉིས་སོ་སོར་ཐུགས་གཏན་འཁེལ་བ་བཅས་ཕྱག་ལས་གནང་བཞིན་ཡོད་པ་དང། ཚོགས་ཆུང་ནས་ཞིབ་འཇུག་བྱེད་གཞིའི་ཡིག་ཆ་ཁག་དུས་བཀག་ནང་ཚུད་འབུལ་དགོས་པ་དང། དེ་བཞིན་སྐབས་ཐོག་སོ་སོར་ཚོགས་ཆུང་ནས་བཀོད་མངགས་ཇི་གནང་དང། སློབ་གྲྭ་ཁག་ཏུ་ཚོགས་ཆུང་ངམ། ཚོགས་ཆུང་གི་ཚོགས་མི་རྟོག་ཞིབ་སླད་ཕེབས་སྐབས་མཐུན་འགྱུར་གནང་དགོས་བཅས་འབྲེལ་ཡོད་ལས་ཁུངས་ལ་བཀོད་མངགས་དམ་དོན་གནང་དགོས་ཞེས་འཛིན་སྐྱོང་ལ་ཕྱག་བྲིས་ཕུལ་ཡོད་འདུག་པ་བཅས།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་ཤེས་ཡོན་ཚོགས་ཆུང་བསྐོ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།