༢༠༡༤ ཟླ་ ༩ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་ནས་ཁེ་ན་ཌར་བོད་མི་ཆིག་སྟོང་གཞིས་སྤོ་བྱ་རྒྱུའི་ལས་གཞིའི་ཁོངས་རྒྱན་ཤོག་འཕངས་ནས་རྒྱན་ཐོབ་པའི་བོད་མི་གྲངས་ ༨༩༠ ཡོད་པའི་ཁྲོད་ནས་ད་བར་མེའོ་ཆོས་འཕེལ་གླིང་གཞིས་ཆགས་ནས་མི་གྲངས་ ༧༤ དང་། བསྟན་འཛིན་སྒང་ནས་ ༢༢ ཏེ་ཛུ་དར་རྒྱས་གླིང་ནས་ ༤༩ ཀྲུ་ཀྲིང་ནས་མི་གྲངས་ ༢༦ བཅས་ཁྱོན་མི་གྲངས་ ༡༧༡ ཐམ་པ་ཁེ་ན་ཌར་གཞིས་སྤོས་ཟིན་པ་མ་ཟད།
མི་གྲངས་ ༥༢ ཟླ་བ་འདིའི་ནང་བསྐྱོད་རྒྱུ་གཏན་འཁེལ་ཡོད། ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་ནང་ལྡི་ལིར་བོད་མི་གྲངས་ ༨༦ ལ་འདྲི་རྩད་དང་གཟུགས་གཞི་བརྟག་དཔྱད་རིགས་ཆ་ཚང་གྲུབ་མཚམས་བསྐྱོད་ཐེངས་བཞི་པའི་ཁོངས་ཡོད་པ་རྣམས་ལ་དྲི་རྩད་དང། གཟུགས་གཞི་བརྟག་དཔྱད་བྱ་རྒྱུའི་དུས་ཚོད་གང་མགྱོགས་ཐག་གཅོད་བྱ་རྒྱུ་ཡིན་འདུག
ལས་གཞི་འདི་བཞིན་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༦ ནང་མཇུག་བསྒྲིལ་བྱ་རྒྱུ་ཡིན་པ་བཅས།།