༢༠༡༤ ཟླ་ ༧ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༩ ཉིན་བཏང་འབྱོར་བྱུང་བའི་ནང་། དེ་སྔོན་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་དོལ་རྒྱལ་རྗེས་འབྲང་པ་ཁག་གཅིག་ངོ་སྤྲོད་བྱས་ཡོད་པར་གསལ་བཤད་གནང་དོན། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༡ འཁོད་བོད་མིའི་རང་དབང་གསར་ཤོག་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༤ ལོར་ཨ་རི་དང་། ཡུ་རོབ་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་བྱེད་མཁན་དོལ་རྒྱལ་རྗེས་འབྲང་པ་བོད་རིགས་ཁག་ཅིག་གི་སོ་སོའི་འདྲ་པར་དང་ངོ་སྤྲོད་རགས་བསྡུས་རེ་དང་བཅས་རྒྱ་ཆེའི་མང་ཚོགས་ཀྱི་མཁྱེན་རྟོགས་ཆེད་དུ་འགོད་འདོན་བྱས་ཡོད་པའི་ངོ་སྤྲོད་སྐབས་གྲྭ་ཚང་དང་ཁང་ཚན་ཁག་གཅིག་གི་མཚན་སྨོས་བྱས་པ་དེས་གྲྭ་ཚང་དང་ཁང་ཚན་སྤྱི་ཡོངས་ལ་གོ་བ་ལྟ་བུའི་བསམ་ཚུལ་གསུང་གླེང་གནང་མཁན་བྱུང་དོན་ལྟར། འབྲེལ་ཡོད་ལས་ཁུངས་ནས་གསལ་ཁ་གཏོད་གནང་ཟིན་ཡོད་པ་དགོངས་མངའ་ཞུ་ཞེས་གསལ་བཤད་གནང་འདུག་པ་བཅས།