༢༠༡༤ ཟླ་ ༥ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཡུ་རོབ་རྒྱལ་ཁབ་ལག་སེམ་བྷག་ Luxembourg བོད་ཀྱི་གྲོགས་པོ། ཞེས་པས་མགྲོན་འབོད་ལྟར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དེང་སྐབས་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་ Belgium དང་ལག་སེམ་བྷག་གཉིས་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད། དེ་ཡང་བཀའ་བློན་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༩ ཉིན་བྷེལ་ཇམ་རྒྱལ་ས་བྷར་སེལ་དུ་ཕེབས་འབྱོར་བྱུང་ཡོད།
ཉིན་དྲུག་གི་གཞུང་འབྲེལ་ལས་འཆར་ནང་ཐོག་མར་བཀའ་བློན་མཆོག་གིས་ལག་སེམ་བྷག་ཏུ་བོད་ཀྱི་གྲོགས་པོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ས་གནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།
ཕྱི་ཚེས་ ༢༡ ཕྱེད་ཡོལ་བཀའ་བློན་མཆོག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཆེད་དབུ་མའི་ལམ་གྱི་ལངས་ཕྱོགས། “Tibet: Middle-Way Approach towards Genuine Autonomy” ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུང་བཤད་དང་ཁུལ་དེར་གནས་སྡོད་ས་གནས་བོད་རིགས་རྣམས་དང་ཐུག་འཕྲད་གནང་ཡོད།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་ཕྱི་ཚེས་ ༢༣ ཉིན་བྷེལ་ཇམ་ Belgium ས་གནས་བོད་རིགས་རྣམས་དང་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་ལས་དོན་ཡོངས་སུ་གྲུབ་རྗེས་རྒྱ་གར་དུ་ཕྱིར་ལོག་གནང་རྒྱུ་ཡིན་འདུག