༢༠༡༣ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་སྲིད་དྲུང་ཆེ་སྐུ་ཞབས་ཨེས་ཀེ་པཊ་ནཱ་ཡཀ་(Mr. SK Pattanayak) མཆོག་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ལས་ཁང་དུ་ཕེབས་འབྱོར་སྐབས་ལྷོ་སྤྱིས་གཙོས་ལུགས་བསམ་དང་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་རྣམ་པ་དང་།
སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་དྲུང་ཆེ། དགོན་སྡེ་ཁག་གི་སྐུ་ཚབ། དེ་བཞཱིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་རྗེས་ཁོང་སེ་ར་བླ་སྤྱི་དང་རྣམ་གྲོལ་གླིང་དགོན་པར་གཟིགས་སྐོར་ཕེབས། དེ་རྗེས་ཁོང་ལ་ཆེ་བསྟོད་ཀྱི་རྣམ་པ་མཚོན་ཆེད་ལུགས་བསམ་དང་བདེ་སླར་གཞིས་ཆགས་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་མཉམ་འབྲེལ་ཐོག་གསོལ་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས་ཡོད་པ་བཅས།།