༢༠༡༣ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༠ ཉིན་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༣༠ ཉིན་སྦན་ད་ར་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་འདེམས་ཐོན་ཚོགས་མི་རྣམས་དང་ཚོགས་གཙོ། ཚོགས་གཞོན་བཅས་ཀྱི་དམ་བཅའ་འབུལ་བཞེས་ཀྱིས་མཚོན་གནང་སྒོ་ཁག་ལེགས་གྲུབ་བྱུང་བསྟུན། ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཡོལ་ཆུ་ཚོད་ ༢ པ་ནས་ ༣་༣༠ སོ་སོར་གྲོང་སྡེ་དང་པོ་དང་། གཉིས་པའི་སེར་སྐྱ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་ཡོད།