ཟླ་བ་ ༧ ཚེས ༢༠ ༢༠༡༢
 གསར་ལས་ཁང་གི་གསར་འགོད་པས།


༢༠༡༢ ཟླ་ ༧ ཚེས་ ༢༠ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་(House of representatives) ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ནར་ John Boehner མཆོག་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་བཀའ་ཁྲི་མཆོག་གིས་ཚོགས་གཙོ་མཆོག་ནས་ད་བར་བོད་དོན་དང་བོད་མི་ཚོར་རྒྱབ་སྐྱོར་གནང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ཚོགས་གཙོ་མཆོག་ནས་ཀྱང་ཁོང་རང་ཉིད་མང་གཙོ་དང་རང་དབང་ལ་ཡིད་ཆེས་ཡོད་པར་བརྟེན་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། གཞན་ཡང་བཀའ་ཁྲི་མཆོག་གི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་ཀེ་རི་ (John Kerry) མཆོག་དང་ཡང་མཇལ་འཕྲད་གནང་ཡོད་པ་བཅས།།