༢༠༡༢ ཟླ་ ༧ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༡ རེས་གཟའ་ཉི་མ་ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་རང་གཞུང་བཀའ་ཤག་གི་ལམ་སྟོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དོན་ཁང་གི་འབྲེལ་ཡོད་སྐུ་མགྲོན་དང་། ཆོས་ཚོགས་ཁག་གི་ཚོགས་མི། བོད་མི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་ལྷན་འཛོམས་ཀྱི་མཛད་སྒོ་དབུ་འཛུགས་བསྐྱངས་བའི་ཐོག་མར་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ་སྐབས། ༸གོང་ས་མཆོག་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སྐྱབས་དང་མགོན། དཔུན་གཉེན་གཅིག་པུ་དེ་ཡིན་པ་སོགས་གསང་གསུམ་སྐུ་ཡི་རྣམ་ཐར་ལས་བརྩམས་ཏེ་མཛད་འཕྲིན་ངོ་སྤྲོད་དང་། ཁྱད་པར་དུ་རང་ཅག་དད་ལྡན་རྣམས་ཀྱིས་༸གོང་ས་མཆོག་ལ་འབུལ་བའི་མཆོད་པ་མཆོག་ནི་བཀའ་བཞིན་དུ་བསྒྲུབ་དགོས་པ་དང་། བཀའ་བཞིན་དུ་བསྒྲུབས་པ་ནི་མཆོད་པ་རྣམས་ཀྱི་ མཆོག་དང་བླ་ན་མེད་པ་ཡིན་པ་སོགས་ཀྱི་བཀའ་སློབ་གཟབ་རྒྱས་གནང་། དེ་རྗེས་ཐེ་ཝན་ནང་ཆེད་དུ་ཕེབས་པའི་རང་གཞུང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཐེ་ཝན་མི་མང་ལ་འཚམས་འདྲི་དང་། བོད་ཀྱི་ནང་ཆོས་ལ་དད་པ་དང་སློབ་གཉེར་ཡག་པོ་གནང་བར་བསྔགས་བརྗོད། ལྷག་དོན་བོད་ནང་གི་བོད་མི་ཚོས་ཆོས་དད་རང་དབང་དང་། ༸གོང་ས་མཆོག་བོད་ནང་གདན་ཞུའི་ཆེད་དུ་རང་གི་ལུས་སྲོག་མེར་སྲེག་བཏང་དང་གཏོང་བཞིན་ཡོད་པ་ཁག་ངོ་སྤྲོད་གནང་། དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་དམིགས་ཡུལ་ངོ་སྤྲོད་དང་།
བོད་ནང་གི་བོད་ཚོས་སྐོམ་པ་ཆུ་འདོད་བཞིན་༸གོང་ས་མཆོག་བོད་དུ་ཕྱིར་གདན་ཞུའི་ཆེད་རང་གིས་གཅེས་པའི་ལུས་སྲོག་མེར་སྲེག་གཏོང་བཞིན་ཡོད་པས། བཀའ་ཤག་གསར་པའི་ལས་འགན་གཙོ་བོ་གཅིག་ནི་༸གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་གནང་རྒྱུ་ཡིན་པ་སོགས་གསུང་བཤད་གནང་། དེ་བཞིན་ཐེ་ཝན་ནང་བོད་ཀྱི་ནང་ཆོས་ཀྱི་མིང་ཁྱེར་ནས་བོད་ཀྱི་ནང་ཆོས་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་ཡང་ཡོད་པས། བོད་ཀྱི་ནང་ཆོས་སྲུང་སྐྱོབ་ཆེད་དོན་ཁང་ནས་གསལ་བཤད་སོགས་སྤེལ་བ་དེར་དམིགས་ཡུལ་ངེས་ཅན་བཟུང་ནས་ཁྲིམས་ཐོག་མང་པོ་གཏུགས་ཡོད་ཀྱང་། ཁྲིམས་གཏུགས་བྱེད་མཁན་རྣམས་ཕལ་ཆེ་བ་ཕམ་ཟིན་པ་དང་། ད་ཆ་ཁྲིམས་ཁག་མཇུག་སྒྲིལ་ལ་ཉེ་བས་དེའི་ཐོག་རྒྱབ་སྐྱོར་གནང་མཁན་ཁྲིམས་རྩོད་པ་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས། དེ་མིན་སྐུ་མགྲོན་རྣམས་ལ་༸གོང་ས་མཆོག་གི་མཛད་འཕྲིན་སོགས་ངོ་སྤྲོད་གྲུབ་རྗེས། ༸གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་ཞབས་བརྟན་གསོལ་འདེབས་འུར་འདོན་གནང་། ཉིན་གུང་གསོལ་ཚིགས་གྲུབ་རྗེས་དོན་ཁང་གི་ནང་ཆོས་འཛིན་གྲའི་སློབ་མ་རྣམས་ཀྱིས་༸གོང་ས་མཆོག་ལ་བསྟོད་སྨོན་དབྱངས་སུ་ལེན་པ་སོགས་གནང་། མཐའ་མ་ཕྱི་དྲིལ་བཀའ་བློན་མཆོག་གིས་ཐེ་ཝན་ནང་གནས་སྡོད་བོད་མི་རྣམས་ལ་བཀའ་ཤག་གསར་པའི་སྲིད་བྱུས་དང་། མུ་མཐུད་དབུ་མའི་ལམ་བརྒྱུད་བོད་དོན་བདེན་མཐའ་སེལ་ཐབས། གཞན་ཡང་ཕྱིར་སྡོད་བོད་མི་རྣམས་ལ་འོས་འགན་ཆེན་པོ་ཡོད་པའི་ལམ་སྟོན་སོགས་གནང་བ་བཅས།།ཐེ་ཝན་དུ་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ ༄༅།འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༡ རེས་གཟའ་ཉི་མ་ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་རང་གཞུང་བཀའ་ཤག་གི་ལམ་སྟོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དོན་ཁང་གི་འབྲེལ་ཡོད་སྐུ་མགྲོན་དང་། ཆོས་ཚོགས་ཁག་གི་ཚོགས་མི། བོད་མི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་ལྷན་འཛོམས་ཀྱི་མཛད་སྒོ་དབུ་འཛུགས་བསྐྱངས་བའི་ཐོག་མར་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་མི་མང་ལ་བཀའ་སློབ་བཀའ་དྲིན་སྩལ་སྐབས། ༸གོང་ས་མཆོག་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སྐྱབས་དང་མགོན། དཔུན་གཉེན་གཅིག་པུ་དེ་ཡིན་པ་སོགས་གསང་གསུམ་སྐུ་ཡི་རྣམ་ཐར་ལས་བརྩམས་ཏེ་མཛད་འཕྲིན་ངོ་སྤྲོད་དང་། ཁྱད་པར་དུ་རང་ཅག་དད་ལྡན་རྣམས་ཀྱིས་༸གོང་ས་མཆོག་ལ་འབུལ་བའི་མཆོད་པ་མཆོག་ནི་བཀའ་བཞིན་དུ་བསྒྲུབ་དགོས་པ་དང་། བཀའ་བཞིན་དུ་བསྒྲུབས་པ་ནི་མཆོད་པ་རྣམས་ཀྱི་ མཆོག་དང་བླ་ན་མེད་པ་ཡིན་པ་སོགས་ཀྱི་བཀའ་སློབ་གཟབ་རྒྱས་གནང་། དེ་རྗེས་ཐེ་ཝན་ནང་ཆེད་དུ་ཕེབས་པའི་རང་གཞུང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཐེ་ཝན་མི་མང་ལ་འཚམས་འདྲི་དང་། བོད་ཀྱི་ནང་ཆོས་ལ་དད་པ་དང་སློབ་གཉེར་ཡག་པོ་གནང་བར་བསྔགས་བརྗོད། ལྷག་དོན་བོད་ནང་གི་བོད་མི་ཚོས་ཆོས་དད་རང་དབང་དང་། ༸གོང་ས་མཆོག་བོད་ནང་གདན་ཞུའི་ཆེད་དུ་རང་གི་ལུས་སྲོག་མེར་སྲེག་བཏང་དང་གཏོང་བཞིན་ཡོད་པ་ཁག་ངོ་སྤྲོད་གནང་། དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་དམིགས་ཡུལ་ངོ་སྤྲོད་དང་། བོད་ནང་གི་བོད་ཚོས་སྐོམ་པ་ཆུ་འདོད་བཞིན་༸གོང་ས་མཆོག་བོད་དུ་ཕྱིར་གདན་ཞུའི་ཆེད་རང་གིས་གཅེས་པའི་ལུས་སྲོག་མེར་སྲེག་གཏོང་བཞིན་ཡོད་པས། བཀའ་ཤག་གསར་པའི་ལས་འགན་གཙོ་བོ་གཅིག་ནི་༸གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་གནང་རྒྱུ་ཡིན་པ་སོགས་གསུང་བཤད་གནང་། དེ་བཞིན་ཐེ་ཝན་ནང་བོད་ཀྱི་ནང་ཆོས་ཀྱི་མིང་ཁྱེར་ནས་བོད་ཀྱི་ནང་ཆོས་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་ཡང་ཡོད་པས། བོད་ཀྱི་ནང་ཆོས་སྲུང་སྐྱོབ་ཆེད་དོན་ཁང་ནས་གསལ་བཤད་སོགས་སྤེལ་བ་དེར་དམིགས་ཡུལ་ངེས་ཅན་བཟུང་ནས་ཁྲིམས་ཐོག་མང་པོ་གཏུགས་ཡོད་ཀྱང་། ཁྲིམས་གཏུགས་བྱེད་མཁན་རྣམས་ཕལ་ཆེ་བ་ཕམ་ཟིན་པ་དང་། ད་ཆ་ཁྲིམས་ཁག་མཇུག་སྒྲིལ་ལ་ཉེ་བས་དེའི་ཐོག་རྒྱབ་སྐྱོར་གནང་མཁན་ཁྲིམས་རྩོད་པ་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས། དེ་མིན་སྐུ་མགྲོན་རྣམས་ལ་༸གོང་ས་མཆོག་གི་མཛད་འཕྲིན་སོགས་ངོ་སྤྲོད་གྲུབ་རྗེས། ༸གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་ཞབས་བརྟན་གསོལ་འདེབས་འུར་འདོན་གནང་། ཉིན་གུང་གསོལ་ཚིགས་གྲུབ་རྗེས་དོན་ཁང་གི་ནང་ཆོས་འཛིན་གྲའི་སློབ་མ་རྣམས་ཀྱིས་༸གོང་ས་མཆོག་ལ་བསྟོད་སྨོན་དབྱངས་སུ་ལེན་པ་སོགས་གནང་། མཐའ་མ་ཕྱི་དྲིལ་བཀའ་བློན་མཆོག་གིས་ཐེ་ཝན་ནང་གནས་སྡོད་བོད་མི་རྣམས་ལ་བཀའ་ཤག་གསར་པའི་སྲིད་བྱུས་དང་། མུ་མཐུད་དབུ་མའི་ལམ་བརྒྱུད་བོད་དོན་བདེན་མཐའ་སེལ་ཐབས། གཞན་ཡང་ཕྱིར་སྡོད་བོད་མི་རྣམས་ལ་འོས་འགན་ཆེན་པོ་ཡོད་པའི་ལམ་སྟོན་སོགས་གནང་བ་བཅས།།