ཀ༽ ལྡི་ལི་དབུས་ཤེས་རིག་དཔར་ཁང་ལས་ཁུངས་ལ་སྣེ་ལེན་དང་ལས་དྲུང་གཅིག་ལྕོགས་ཆོད་གན་ཐོག་ལས་བྱེད་གཅིག་དགོས་ངེས་འདུག་པར་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣༠་ འགྱངས་མེད་འཚང་སྙན་འབུལ་དགོས། སོ་སོའི་ལག་འཁྱེར་གྱི་ངོ་བཤུས་དང་མཉམ་དུ་འཚང་སྙན་ནང་ཁ་བྱང་དང་ཞལ་པར་ཨང་། དྲ་བརྒྱུད་བཅས་ཁ་གསལ་བཀོད་དེ་འགན་འཛིན་གྱི་མིང་ཐོག་གཤམ་གསལ་ཁ་བྱང་ངམ་ཡང་ན་དྲ་ལམ་བརྒྱུད་དུས་ཐོག་གཏོང་གནང་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་འབུལ་རྣམས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་རྒྱུགས་སྤྲོད་སྐབས་མཉམ་འཁྱེར་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་བོད་དབྱིན་གཉིས་དང་ཀམ་པུ་ཌར་བཅས་འབྲི་རྒྱུགས་དང་ངག་རྒྱུགས་བཅས་ཀྱི་ལམ་ནས་འདེམས་སྒུག་བྱ་རྒྱུ་དང། རྒྱུགས་སྤྲོད་དུས་བཀག་སྐབས་འཕྲལ་དོ་བདག་ལ་འབྲེལ་བ་ཞུ་ཆོག རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་ཆ་ཚང་དོ་བདག་རང་ངོས་ནས་གཏོང་དགོས་པ་ཡིན། འདེམས་རྒྱུགས་བྱ་ཡུལ་ནི་ལྡི་ལི་ཤེས་དཔར་དབུས་ལས་ཁུངས་སུ་ཡིན། དོ་བདག་ཕོགས་རིམ་བདུན་པ། ཟླ་རེར་ཕྱོགས་བསྡོམས་གླ་ཕོགས་ཧིན་སྒོར། ༡༠༧༧༤།༠༠
དང་ལས་ཤག་གོ་སྒྲིག་ཡོད། དེ་མིན་ཤེས་དཔར་ཆོད་གན་སྒྲིག་གསལ་ལྟར་ལག་བསྟར་ཞུ་རྒྱུ་ཡིན།
དགོས་ངེས་ཆ་རྐྱེན།
༡༽ ཉུང་མཐར་མཐོ་སློབ་ཐོན་པའི་ལག་འཁྱེར་དགོས།
༢༽ བོད་དབྱིན་གཉིས་ཐོག་ཀམ་པུ་ཊར་ཤེས་རྒྱ་གང་ལེགས་ཡོད་པ།
༣༽ དེང་སྔའི་ཉམས་མྱོང་ཡོད་པ་དང་ལས་ཀ་བྱེད་བཞིན་པ་ཡིན་ན་དགག་བྱ་མེད་པའི་ངོ་སྦྱོར་དགོས།
༤༽ དྭངས་བླང་དཔྱ་དངུལ་ཆ་ཚང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༥༽ རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༦༽ རང་ལོ་ ༢༨ ནས་ ༤༥ མ་བརྒལ་བ་དགོས།
༧༽ ངོས་འཛིན་ཡོད་པ་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་བོད་གཞུང་གི་ཟུང་དྲུང་ངམ་ཡང་ན་ས་གནས་འགོ་འཛིན་གང་
རུང་གི་དག་མཆན་ངེས་པར་འཁོད་དགོས།
ཁ༽ ཤེས་རིག་དཔར་ཁང་གི་ཕྱིར་གཏོང་སྡེ་ཚན་དང་དོ་གཉེར་ཁང་གཉིས་ལ་དོ་བོ་རྒྱག་མཁན་རེར་ལས་བྱེད་གཉིས་ཀྱི་ས་སྟོང་ཡོད་པར་འདོད་བློ་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣༠ འགྱངས་མེད་འཚང་སྙན་འབུལ་དགོས་རྒྱུ། རྒྱ་གར་སྐྱབས་བཅོལ་ལག་དེབ་དང་དྭངས་བླང་དཔྱ་དངུལ་དུས་ཐོག་འབུལ་བཞིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས་དགོས། གཟུགས་འཕེར་ ཡིན་པ་ལྷག་པར་དུ་ཆང་རག་སོགས་ཀྱི་གོམས་གཤིས་མེད་པ་དགོས།ཤེས་དཔར་ཕོགས་རིམ་དགུ་པའི་གསོལ་ཕོགས་ཉིན་གླ་སྒོར་ ༣༢༢།༠༠ དང་ལས་ཤག་འཕྲལ་སེལ་གོ་སྒྲིག་ཞུ་ཆོག་་དེ་མིན་ཕན་ཚུན་གཉིས་མོས་ཀྱི་ཤེས་དཔར་སྒྲིག་གསལ་ལྟར་ལོ་གསུམ་རིང་ཆོད་གན་ཐོག་ལག་བསྟར་ཞུ་རྒྱུ། བཅས་ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་༡༥ ལ་གསལ་བསྒྲགས་ཞུས།
To,
Director
Tibetan Cultural & Religious Publication Centre
R-27/28, Ramesh park, Laxmi Nagar
Delhi-110092
Telefax: 011-2245-5634 Tel: 011-2245-3672 Resi: 011-2201-3260
Email: [email protected] / [email protected]