༢༠༡༢ ཟླ་ ༦ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་(Sydney Morning Herald)ཞེས་པའི་གསར་ཁང་གི་གསར་འགོད་པའི་ཆེད་དོན་དྲི་བར་ལན་འདེབས་གནང་དོན། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༤༡ གིས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས་བོད་མི་ ༣༡ འདས་གྲོངས་སུ་གྱུར་ཡོད། ཁོང་རྣམ་པའི་རང་ལུས་མེར་སྲེག་གི་ལམ་ནས་ལས་འགུལ་སྤེལ་དགོས་དོན་ནི་རྒྱ་ནག་གཞུང་གི་གཉའ་གནོན་དང་བཤུ་གཞོག་འོག་ནས་རང་ཉིད་ཀྱི་རང་དབང་སྲུང་སྐྱོབ་ཐུབ་ཆེད་དེ་ལྟར་གནང་བཞིན་ཡོད། རང་ལུས་མེར་སྲེག་གི་གནད་དོན་དེ་ནི་བཟོད་པར་དཀའ་བའི་གནས་སྟངས་ཤིག་ཡིན། བོད་མི་ཚོར་ཞི་བ་དང་འདུ་འཛོམས་རང་དབང་རྒྱ་ནག་གཞུང་ནས་སྤྲོད་ཀྱི་མེད་སྟབས། སོ་སོའི་ཚེ་སྲོག་བློས་གཏོང་གིས་ཐབས་ལམ་དེ་འདེམས་ཀྱི་ཡོད་པ་རེད། ད་བར་རང་ལུས་མེར་གཏོང་མཁན་རྣམས་ནས་བོད་ལ་རང་དགོས་པ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིགས་གཅིག་གྱུར་བསྒྲགས་དང་སྒྲོག་མུས་ཡིན། ཞེས་ལན་འདེབས་གནང་ཡོད་པ་བཅས། །