༢༠༡༢ ཟླ་ ༣ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ པའི་ཚེས་ ༧ ཉིན། རྫ་བསམ་གྲུབ་དགོན་པའི་དགེ་འདུན་པ་མཁས་གྲུབ་རྡོ་རྗེ་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་ཟ་ཁང་ཆེན་པོ་ཞིག་གི་ཉེ་འགྲམ་མི་དམངས་འདུ་འཛོམས་ཆེ་སར་དཔའ་ངར་ཞུམ་མེད་ཀྱིས་ཞི་བའི་ངོ་རྒོལ་བྱས་སྟབས། ཉེན་རྟོག་པས་ཁྲོམ་གཞུང་ནས་གཅར་རྡུང་ཚད་ལས་བརྒལ་བ་བཏང་ཡོད་པ་མ་ཟད། ཤི་མིན་གསོན་མིན་འོག་ནས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ད་ལྟའི་ཆར་གནས་སྟངས་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་འདུག
རང་ལོ་ ༣༨ ཙམ་ཡིན་པ་མཁས་གྲུབ་རྡོ་རྗེ་ལགས་ནི། དཀར་མཛེས་རྫོང་། རྫ་ཁོག་ཤང་། ཧེ་ན་གྲོང་ཕ་རིན་རྡོ་དང་། མ་བྱམས་པ་མཁའ་འགྲོ་གཉིས་ཀྱི་བུ་ཡིན་པ་དང་། ཕྱི་ལོ་ ༡༩༩༥ ཡས་མས་སུ་བཙན་བྱོལ་དུ་ཡོང་སྟེ། ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་སློབ་སྦྱོང་ཚུལ་བཞིན་དང་མཐུན་པ་གནང་སྟེ་བཞུགས་ས་ཆུ་སོགས་མ་འཕྲོད་པར་བརྟེན་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་འདུག་པ་བཅས། །
རྫ་བསམ་གྲུབ་དགོན་པའི་དགེ་འདུན་པ་མཁས་གྲུབ་རྡོ་རྗེ་ལགས་ཀྱིས་ཞི་རྒོལ་གནང་བ།
གསར་གནས།
འབྲེལ་གནས།