༢༠༡༢ ཟླ་ ༡ ཚེས་ ༢༠ རེས་གཟའ་པ་སངས།
།ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ནང་རྟེན་གཞི་བྱས་པའི་(Western Connecticut State University) གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་(President’s Lecture Series) ཚོགས་གཙོའི་གསུང་བཤད་ཞེས་པའི་གཏམ་བཤད་ཀྱི་ལས་རིམ་ཐོག བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ།(Democracy in Exile: the case of Tibet) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་ཡང་གཙུག་ལག་སློབ་གཉེར་ཁང་དེའི་ཚོགས་གཙོ་སྐུ་ཞབས་ཇེམ་སི་(James w Schmotter) ལགས་ཀྱིས་གསུང་དོན། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དེང་སྐབས་བོད་ནང་བརྟན་ལྷིང་མེད་པའི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ངོ་སྤྲོད་ཀྱི་གསུང་བཤད་གནང་རྒྱུ་ཡིན་པར་ང་ཚོར་དགའ་ཚོར་ཆེན་པོ་ཡོང་གི་འདུག་ཅེས་གསུངས་ཡོད། སྤྱིར་མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་ཁྲིར་འོས་འདེམས་མ་བྱུང་གོང་ཡུ་རོབ་དང་། ཨེ་ཤི་ཡ། བྱང་ཨ་རི་སོགས་ཀྱི་གཙུག་ལག་སློབ་ཁང་འདྲ་མིན་ནང་གདན་ཞུས་ཀྱིས་གསུང་བཤད་ཐེངས་མང་གནང་མྱོང་ཡོད་འདུག་པ་བཅས།།
བཀའ་བློན་ཁྲི་པ་མཆོག་གིས་ཨ་རིའི་གཙུག་ལག་སློབ་ཁང་ཞིག་ཏུ་གསུང་བཤད་གནང་རྒྱུ།
གསར་གནས།
འབྲེལ་གནས།