༢༠༡༢ ཟླ་ ༡ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་ལྷ་ཁང་དང་དེ་རྗེས་མཆོད་རྟེན་ཆེན་པོར་གཟིགས་སྐོར་མཛད་གྲུབ་མཚམས་ཕེབས་འགྲོའི་བརྒྱུད་གྷ་ཡ་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་ཆོས་ཞུ་བ་སྟོང་ཚོ་མང་པོས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད། དེ་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཁོར་ལྷན་རྒྱས་གྷ་ཡ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་དེ་ནས་པུ་ནེར་ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་རྒྱ་གར་ལྷོ་ཕྱོགས་མ་ཧཱ་རཱ་ཤི་ཏྲ་མངའ་སྡེའི་གྲོང་ཁྱེར་པུ་ནེའི་ནང་དུ་འདི་ཟླའི་ཚེས་ ༡༠ ནས་ ༡༢ བར་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་གྲོས་ཚོགས་(Bharatiya Chatra Sansad)ཀྱི་ཚོགས་ཆེན་ཐེངས་གཉིས་པའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག པ་དང། ལྷན་ཚོགས་དེའི་སྐབས་རྒྱ་གར་རྒྱལ་ཡོངས་ནས་སློབ་ཕྲུག་གྲངས་ ༨༠༠༠ ལྷག་མཉམ་བཞུགས་གནང་ཡོད་པ་དང། ཉིན་གསུམ་གྱི་ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་སྐུ་མགྲོན་གྲགས་ཅན་གཞན་རྣམས་ནི་བྷི་ཧཱར་མངའ་སྡེའི་བློན་ཆེན་ནི་ཏེ་ཤི་ཀུ་མཱར་མཆོག་དང་ཇམ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨོ་མཱར་ཨབ་དུལ་ལ་མཆོག་སོགས་ཀྱང་ཕེབས་འཆར་ཡོད་འདུག་པ་བཅས།།
༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་གྲོས་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་ ༸ཞལ་བསྒྱུར་ཡོད།
གསར་གནས།
འབྲེལ་གནས།