༢༠༡༡ ཟླ་ ༡༡ ཚེས་ ༡༥ རེས་གཟའ་མིག་དམར།
༅༅། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༩ ཉིན་རྒྱ་གར་བྱང་ཤར་རྡོར་གླིང་དཔལ་འབྲུག་པའི་གདན་ས་ཐུབ་བསྟན་གསང་སྔགས་ཆོས་གླིང་དགོན་དུ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དབུས་བསྟན་འཛིན་སྐྱེས་ཆེན་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཡོངས་སུ་འགྲུབ་པ་དང་། ད་ལམ་རང་ཅག་ཁ་བ་རི་པའི་ཆོས་སྲིད་དོན་དུ་རང་སྲོག་མེར་སྲེག་ཕུལ་བའི་བོད་མི་རྣམས་ཀྱི་དབུས་དཔའ་བོ་དཔའ་མོ་འདས་གསོན་སྤྱི་དང་། ཡང་སྒོས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྙིང་ཡིག་དྲུག་དུང་སྒྲུབ་སུད་སིར་གནས་སྡོད་དད་ལྡན་སྐུ་ཞབས་ཉི་མ་རྒྱལ་མཚན་ཁྱིམ་ཚང་ནས་རྒྱུ་སྦྱོར་བཟང་པོའི་སྦྱིན་བདག་གནང་ཐོག་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ལ་དགོངས་བཞེས་ཀྱི་མ་ཎི་ཡིག་དྲུག་དུང་སྒྲུབ་དབུ་འཛུགས་གནང་བ་ཞིག་ཡིན་འདུག་པ་བཅས་སུ།།
འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྙིང་ཡིག་དྲུག་དུང་སྒྲུབ་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།