༢༠༡༡ ཟླ་ ༡༡ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡ ཉིན་༸གོང་ས་མཆོག་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སན་(Koyasan)ཞེས་པ་དེའི་ཉེ་འགྲམ་དུ་ཀོ་ཡ་ཞེས་ནང་པའི་གནས་རི་ཞིག་ཡོད་པ་དེར་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཉི་མ་ཆེན་པོ་གྲགས་པ་ཞིག་ཡོད་པ་དེར་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་གནས་རི་དེར་༸ཞབས་སོར་འཁོད་མཚམས་ཐོག་མར་གནས་རིའི་སྟེང་ཆགས་པའི་སེན་ཀོ་བྷོ་སྡེ་ཤིའི་(Saint Kobo Daishi)ནང་པའི་ལྷ་ཁང་ཞིག་ཡོད་པ་དེར་གནས་གཟིགས་མཛད།
སྐབས་དེར་ཀོ་ཡ་སན་ནང་པའི་མཁན་པོ་དགེ་སློང་ཡུ་ཀེའི་མ་སུ་ན་གྷ་ཞེས་པས་༸གོང་ས་མཆོག་ལ་ཕེབས་བསུ་དང་འཚམས་འདྲི་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ལྷ་ཁང་གི་རྡོ་བཅལ་གྱི་ཐེམ་པའི་སྟེང་ཉི་ཧོང་དགེ་འདུན་པ་ཚོས་རུ་སྟར་བསྒྲིགས་ཏེ་མགོན་པོ་གང་ཉིད་མཆོག་ལྷ་ཁང་དུ་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་ལྷ་ཁང་ནང་དུ་༸ཞབས་སོར་འཁོད་བསྟུན་༸གོང་ས་མཆོག་གིས་ཞལ་འདོན་གསུང་འདོན་མཛད། གནས་གཟིགས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གྲོང་ཁྱེར་ཀོ་ཡ་སན་དུ་ཆིབས་ཞལ་བསྒྱུར་དེ་ཉིན་རྒྱབ་ཀོ་ཡ་སན་གཙུག་ལག་སློབ་གྲྭའི་ནང་རྡོ་དབྱིངས་ཀྱི་བཀའ་དབང་སྩལ་ཡོད་པ་བཅས།།