༢༠༡༡ ཟླ་ ༡༡ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཨ་ཤོཀཱ་མི་ཤོན་Ashoka Missoinཞེས་པའི་ཆོས་ཚོགས་ནས་གོ་སྒྲིག་ཐོག་རྒྱ་གར་གྱི་རྒྱལ་ས་ལྡིར་ལིར་རྟེན་གཞི་བྱས་པའི་ཨ་ཤོཀཱ་གསོལ་མགྲོན་ཁང་དུ་འཛམ་གླིང་ནང་པའི་ལྷན་ཚོགས་ཚོགས་མུས་ཡིན་པ་ལྟར་ཆོས་ཚོགས་དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༡ ཕྱི་ ༡༡ ཚེས་ ༢༩ ཉིན་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་བསྡོམས་སུ་དབུ་བཞུགས་མཛད་ཆེད་བཞུགས་སྒར་རྡ་ས་ནས་ཕེབས་འགྲོ་བརྒྱུད་ག་གྷལ་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་མི་མང་རྣམས་ཀྱིས་ལག་ཏུ་སྤོ་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཕེབས་སྐྱེལ་ཞུས་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ལྡི་ལིའི་ནང་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོའི་གསུང་བཤད་གྲུབ་བསྟུན། ཕྱི་ཚེས་ ༣ ཉིན་འཛམ་གླིང་ནང་དཔེ་དེབ་འགྲེམ་སྤེལ་གྱི་ཚོང་ལས་སྡེ་ཚན་པེན་གུན་(Penguin )ཞེས་པའི་ལོ་འཁོར་ཚོགས་ཆེན་ཐོག་བྱམས་བརྩེའི་ནུས་སྟོབས་སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་དང། དེ་རྗེས་ཕྱི་ཚེས་ ༥ ནས་ ༧ བར་རྒྱ་གར་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱང་སྟེ་མགོན་པོ་ཀླུ་སྒྲུབ་མཛད་པས་གསང་འདུས་རིགས་ལྔའི་འགྲེལ་པ་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས་མཛད་པའི་རིགས་ལྔའི་འགྲེལ་པའི་བཀའ་ཆོས་སྩལ་རྒྱུ་ཡིན་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོར་ཆིབས་སྒྱུར་བསྐྱངས་པ།
གསར་གནས།
འབྲེལ་གནས།