༢༠༡༡ ཟླ་ ༡༠ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་སྦར་སིལ་སྐུ་ཚབ་དོན་ཁང་དང། བྷེལ་ཇམ་བོད་རིགས་ཚོགས་པ། ས་གནས་གཞོན་ནུ། ཆུ་བཞི་སྒང་དྲུག་ཐུན་མོང་གིས་གོ་སྒྲིག་ཐོག་ཟས་བཅད་ངོ་རྒོལ་དང་སྨོན་ལམ་གསུང་འདོན་གནང་ཡོད།
དེ་ཡང་གོང་ཚེས་ཉིན་སྦར་སིལ་དུ་རྟེན་གཞི་བྱས་པའི་ནཱ་ལེཎྜ་ནང་པའི་བསྟི་གནས་ཁང་(Nalanda Buddhist Center) དང་། བྷེལ་ཇམ་གྱི་གྲོང་ཁྱེར་ཨན་ཊ་ཝར་པན་(Anterwerpen) སོ་ཀོ་ཊན་(Schoten Temple) དགོན་པ་བཅས་སུ་ནཱ་ལེཎྜ་ནང་པའི་བསྟི་གནས་ཁང་གི་བླ་མ་ཀར་ཊ་ལགས་དབུ་བཞུགས་ཐོག་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་བོད་མི་རྣམས་ཀྱིས་བོད་ནང་སྐྱ་སེར་མི་གྲངས་དགུས་བོད་དོན་ཆེད་རང་ལུས་ཞུགས་མེར་བསྒྲོན་པ་རྣམས་ལ་མྱ་ངན་གུས་འདུད་དང་། དེ་བཞིན་རྒྱ་གཞུང་གིས་གདུག་རྩུབ་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་ཟས་བཅད་ངོ་རྒོལ་དང་སྨོན་ལམ་གསུང་འདོན་གནང་ཡོད། དེ་ཉིན་ཨི་སི་ཊོ་ནིའི་ཕྱི་སྲིད་བློན་ཆེན་ཟུར་པ་ལྕམ་སྐུ་ཀི་རི་སི་ཊི་ན་ཨོ་ཇུ་ལེན་ཌི་(MEP Kristina Ojuland)མཆོག་དང། ཁོ་མོའི་ཕྱག་རོགས་སྐུ་ཞབས་ཇོ་ཨིལ་རིཝ་(Mr.Joel Hriv) ལགས་རྣམ་གཉིས་ཀྱིས་གྲོས་ཚོགས་ནང་གི་ལས་བྲེལ་ལ་མ་ལྟོས་པར་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་སྨོན་ལམ་དུ་མཉམ་ཞུགས་གནང་ཡོད། སྐབས་དེར་རང་ལུས་ཞུགས་མེར་སྒྲོན་མཁན་རྣམས་ཀྱི་འདྲ་པར་མདུན་དུ་མཆོད་མེ་དང་བདུག་སྤོས་སྤར་ཏེ་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བྷེལ་ཇམ་དང། ཧོ་ལེན་ཌེ། སི་པེན། ཕ་རན་སི་བཅས་ཀྱི་བོད་རིགས་ཚོགས་པས་སྨོན་ལམ་གོ་སྒྲིག་ཞུས་ཡོད།
ཕྱི་ཟླ་ ༩ ཚེས་ ༢༧ ཉིན་བྷེལ་ཇམ་ས་གནས་གཞོན་ནུས་ཀྱང་གྲོང་ཁྱེར་ཨེན་ཊི་ཝར་པེན་དུ་བོད་ནང་རང་ལུས་མེར་སྲེག་ཐེངས་གསུམ་པ་བྱུང་འཕྲལ་ཞི་རྒོལ་རྔམ་སྟོན་གནང་ཡོད་པ་མ་ཟད། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་སྦར་སིལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་གནང་ཡོད། ཕྱོགས་མཚུངས་ཕྱི་ཚེས་ ༦ ཉིན་བྷེལ་ཇམ་བོད་རིགས་ཚོགས་པ་དང་བྷེལ་ཇམ་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་མདུན་དུ་ངོ་རྒོལ་བྱེད་སྐབས་ཨི་ཊ་ལིའི་ཡུ་རོབ་གྲོས་ཚོགས་འཐུས་མི་རོ་ས་རི་ཨོ་(Rosario Crocetta) ལགས་དང་བྷེལ་ཇམ་གྱི་ཡུ་རོབ་གྲོས་ཚོགས་འཐུས་མི་ཕེ་རི་ཌ་བྷེ་རི་པོ་ཨིལ་སི་(Freida Brepoels) ལགས་བཅས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།།
བཅུ་པའི་བཅུ་དགུ་ཉིན་བྷེལ་ཇམ་དུ་བོད་མི་རྣམས་ཀྱིས་ཟས་བཅད་ངོ་རྒོལ་དང་སྨོན་ལམ་ཚོགས་པ།
གསར་གནས།
འབྲེལ་གནས།