༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༩ རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཚེ་འདས་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ཆེད་གཞུང་འབྲེལ་མྱ་ངན་གུས་འདུས་དང་སྨོན་ལམ་གསུང་འདོན་གནང་རྒྱུའི་གསལ་བསྒྲགས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་གློ་བུར་སྙུན་མནར་གྱིས་ཅན་དི་སྒར་སྨན་ཁང་དུ་སྨན་གཏུགས་གཤགས་བཅོས་གང་ཡོད་བྱས་ཀྱང་དྭང་བསྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ ཉིན་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གྲོས་ཚོགས་སུ་གསལ་བསྒྲགས་གནང་བ་གསན་ཐོས་བྱུང་བར་དམ་པ་ཁོང་སྤྱི་འཐུས་ལས་ཐོག་ཏུ་དགོངས་པ་རྫོགས་པར་སོང་དེ་རིང་ཆུ་ཚོད་ ༢ པའི་ཐོག་གངས་སྐྱིད་ལས་བྱེད་གསོལ་ཚང་ཚོགས་ཁང་དུ་དམ་པ་དེ་ཉིད་ཀྱི་ཆེད་ཆུ་ཚོད་གཅིག་རིང་སྨོན་ལམ་གསུང་འདོན་དང། ཆུ་ཚོད་ ༣ ནས་མྱངན་གུས་འདུད་མཚོན་ཆེད་དབུས་ལས་ཁུངས་ཁག་གི་ལས་མཚམས་འཇོག་རྒྱུ་ཡིན་འདུག་པ་བཅས།།
གསར་གནས།
འབྲེལ་གནས།