༢༠༡༡ ཟླ་ ༨ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༨ ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་རིང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་(SARD)ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལས་ཁུངས་ཁག་གི་འཆར་འགོད་དང་འབྲེལ་བའི་ལས་བྱེད་གྲངས་ ༢༥ ལ་འཆར་གཞི་བཟོ་བཀོད་དང་ཞིབ་འཇུག་ཞུ་ཕྱོགས་ཀྱི་ཟབ་སྦྱོང་གལ་ཆེ་ཞིག་གནང་ཡོད། དེ་ཡང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་འབྱོར་དྲུང་ཆེས་ངོ་སྤྲོད་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྣང་གསལ་ཞལ་ཕྱེ་དང་སྦྲགས། ཚོགས་བཅར་བ་ཡོངས་ལ་གསུང་བཤད་ཟབ་རྒྱས་གནང།
མཛད་སྒོ་གྲུབ་བསྟུན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་ཁྱད་ལས་རྣམ་པ་དང་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཆེད་མངགས་གདན་ཞུས་གནང་བའི་མཁས་དབང་ལྕམ་སྐུ་སྦས་ཝ་ཏི་མཆོག་བཅས་ནས་ཉིན་གསུམ་རིང་འཆར་གཞི་བཟོ་བཀོད་ཀྱི་སྒྱུ་རྩལ་དང་ལས་འཆར་ཁག་ལ་ཞིབ་འཇུག་ཞུ་ཕྱོགས་ཀྱི་ཟབ་སྦྱོང་གནད་འཕིགས་གནང་བར་བརྟེན་ཚོགས་བཅར་བ་ཡོངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས་མ་འོངས་པར་མུ་མཐུད་དེ་ལྟ་བུའི་ཟབ་སྦྱོང་སྤྲོད་རྒྱུའི་དགོས་འདུན་ཡང་བཏོན་པ་དང་།
དེ་བཞིན་ཕན་མཚུན་གོ་བསྡུར་སྦྱངས་བཤད་གནང་བ་དང་ལྷན་འཆར་གཞི་རྒྱུན་འཁྱོངས་ཚགས་ཚུད་ཡོང་སླད་ལས་དོན་ཞུ་ཕྱོགས་དང་དུས་ཚོད་གཏན་འབེབས་ཀྱང་ཞུ་ཐུབ་པ་བྱུང་ཡོད་པ་བཅས།།
སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་གཅིག་ལ་ཟབ་སྦྱོང་ཚོགས་པ།
གསར་གནས།
འབྲེལ་གནས།