༢༠༡༡ ཟླ་ ༥ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༡ ཉིན་རྡ་ས་བཞུགས་སྒར་གངས་སྐྱིད་བཀའ་ཤག་ཡངས་སྟེང་མཆོད་ཁང་དུ་བོད་མི་མང་སྤྱི་ འཐུས་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་བདམས་ཐོན་ཚོགས་གཙོ་མཆོག་དང་། ཚོགས་གཞོན་རྣམ་གཉིས་ཀྱིས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་དུ་མཛད་ འཁུར་དམ་བཅའ་འབུལ་བཞེས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་།
ཁྲིམས་ཞིབ་པ་རྣམ་པ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་གཞན་བཀའ་བློན་རྣམ་པ་ལྷན་འཛོམས་ཐོག་ རྟེན་འབྲེལ་གྱི་གྲོ་སོ་ཕྱེ་མར་དང་། ཆང་ཕུད། གསོལ་ཇ། འབྲས་སིལ་བཅས་ཕུལ་གྲུབ་མཚམས་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བདམས་ཐོན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་རིམ་བཞིན་སྤྱི་ནོར་༸གོང་ ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་ འདེགས་འབུལ་ཞུས་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་དུ་མཛད་འཁུར་ དམ་བཅའ་འབུལ་བཞེས་གནང་ཡོད།
དེ་ནས་གནད་ཡོད་མི་སྣ་རྣམས་ཀྱིས་འཚམས་འདྲིའི་ཁོང་རྣམ་གཉིས་ལ་མཇལ་དར་སྒྲོན་ འབུལ་ཞུས་ཏེ་དམ་འབུལ་མཛད་སྒོ་གྲོལ་བ་བཅས་སུ།