ཟླ་བ་ ༥ ཚེས ༡༢ ༢༠༡༡
   Posted in གསར་གནས།
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༡ ཟླ་ ༥ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༩ ཉིན་ཐེ་ཝན་བོད་མིའི་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགྲ་བཅོམ་པས་ཐེ་ཝན་སྲིད་གཞུང་དང་ཕྱི་རྒྱལ་སྐུ་ཚབ་ལས་ཁུངས་ཁག་གཅིག་ལ་ཀིརྟི་དགོན་པའི་གནད་དོན་ཐོག་ཛ་དྲག་གི་རྒྱབ་སྐྱོར་ཡོང་བའི་ཞུ་སྙན་ཕུལ་ཡོད།  ཞུ་སྙན་ནང་རྒྱ་ནག་སྲིད་གཞུང་གིས་ཀིརྟི་དགོན་པར་དྲག་གནོན་བྱེད་བཞིན་པ་དེ་འཕྲལ་མར་མཚམས་འཇོག་ཡོང་རྒྱུར་ཐེ་ཝན་སྲིད་གཞུང་ནས རྒྱབ་སྐྱོར་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། ཀིརྟི་དགོན་པའི་དངོས་ཡོད་གནས་ཚུལ་རྟོག་ཞིབ་སླད་རང་དབང་ཅན་གྱི་གསར་འགོད་པ་བོད་ནང་གཏོང་རྒྱུར་རྒྱ་ནག་སྲིད་གཞུང་ལ་འབོད་སྐུལ་གནང་དགོས་པའི་དགོས་འདུན་ཡང་བཏོན་ཡོད། ཞུ་སྙན་ཕུལ་གྲུབ་མཚམས་ཐེ་ཝན་སྲིད་འཛིན་ལས་ཁུངས་དང་འཛིན་སྐྱོང་ལས་ཁུངས། ཁྲིམས་བཟོ་ལས་ཁུངས་བཅས་ཀྱིས་ཐེ་ཝན་བོད་མིའི་བདེ་དོན་ལྷན་ཚོགས་ཀྱི་ཞུ་སྙན་ལག་སོན་བྱུང་བའི་ངོས་ལེན་གནང་ཡོད་པ་མ་ཟད། ཞུ་སྙན་དེ་བཞིན་རྒྱལ་ས་ཐེ་པེའི་ནང་རྟེན་གཞི་བྱས་པའི་ཨ་རི་དང་ཁེ་ཎ་ཌ། ཨོ་སི་ཊོ་ལི་ཡའི་ཚོང་ལས་སྡེ་ཚན། དབྱིན་ཇིའི་སྐུ་ཚབ་ལས་ཁུངས། ཐེ་ཝན་རྒྱ་གར་ལྷན་ཚོགས་བཅས་ཀྱི་ཚོགས་པ་ཁག་ལ་ཕུལ་ཡོད་པ་བཅས།།