༢༠༡༡ ཟླ་ ༤ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ནང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་སྦེལ་ཀོབ་གཞིས་ཆགས་སུ་ཚོགས་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཆེད། བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་སྤར་ཆ་དགོས་པའི་དགོངས་འཆར་བྱུང་བའི་རྗེས་འབྲས་སུ་དཔྱ་ཁྲལ་ཁྲིམས་ཡིག་འགྱུར་བ་ཕྱིན་མིན་ལ་མ་ལྟོས་པར། ཤི་ལོང་ས་གནས་བོད་མི་མང་ཚོགས་ནས་མ་བསྐུལ་དྭང་བླང་གིས་ཟས་བཅད་དོད་མི་རེ་ནས་ལོ་རེར་ཧིན་སྒོར་ ༡༠ རེ་འབུལ་མུས་ཐོག་ཟས་བཅད་འཕར་འབུལ་སྒོར་ ༡༠ རེ་དང་། ངེས་མེད་ཞལ་འདེབས་མི་རེས་ཉིན་རེར་སྒོར་ ༡ རེ་འབུལ་རྒྱུའི་ཐག་གཅོད་བྱུང་བ་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༡ ནས་བསྡུ་འབུལ་བྱེད་མུས་ཡིན་འདུག་པར་རྒྱལ་ཞེན་ཐུགས་ཁུར་ལ་ལེགས་གསོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ། ཁོང་རྣམ་པའི་གནང་ཕྱོགས་འདིས་ས་གནས་གང་སར་གནས་སྡོད་བྱེད་བཞིན་པའི་བོད་མི་གཞན་རྣམས་ལའང་ལྷག་བསམ་སྐུལ་འདེད་ཀྱི་མིག་དཔེ་བཟང་པོ་ཞིག་ཡོང་བའི་རེ་བ་བཅས། བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༦ ལ།། །།

Share with your friends










Submit