༢༠༡༡ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་གཅིག་པ་ནང་གསལ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༤༨ དགོངས་དོན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མ་ཞིག་ཚོགས་རྒྱུའི་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེ་སྤྱི་བརྩལ་དགོངས་དོན་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༥ རེས་གཟའ་ལྷག་པ་ནས་ཚེས་ ༢༨ རེས་གཟའ་སྤེན་པ་བར་ལས་དུས་ཀྱི་གྲངས་བཞིའི་རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་འཚུག་གཏན་འཁེལ་སོང་ན། ཚོགས་མི་རྣམ་པས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་སྤྱིའི་ལས་དོན་གལ་འགངས་ཤིན་དུ་ཆེ་བར་དགོངས་རྒྱ་ཆེ་བཞེས་ངང་ད་རེས་ཀྱི་གྲོས་ཚོགས་སུ་ངེས་བཅར་ཐུབ་པ་གནང་གལ་དང་། ༢༠༡༡ ཟླ་ ༥ ཚེས་ ༢༤ ཉིན་ཚོགས་དྲུང་ལས་ཁུངས་སུ་བཅར་འབྱོར་ཐོ་འགོས་འབུལ་དགོས་རྒྱུ་བཅས་ཕེབས་འདུག་པའི་ཚོགས་བརྡ་གསལ་བསྒྲགས་སུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ལ།

Share with your friends










Submit