དང་པོ། ཌིག་རི་སློབ་ཚན་ཆེད་ཟུར་བཅད་ས་མིག (RESERVED SEATS IN DEGREE COURSES)

ཨང་། སློབ་ཚན། ས་མིག་གྲངས། འབྲེལ་ཡོད་མཐོ་སློབ་ཏུ་ཉུང་མཐའི་བརྒྱ་ཆ་དགོས་པ། སློབ་ཡོན་ཐོབ་པར་ཉུང་མཐའི་བརྒྱ་ཆ་དགོས་པ།
1. Medical seats (MBBS) 3 (three) 60% in class XII & 60% in PCB 60% including two HP seats
2. Civil Engineering 2 (two) 50% in class XII & 50% in PCM 60%
3. Mechanical Engineering 1 (one) 50% in class XII & 50% in PCM 60%
4. Chemical Engineering 1 (one) 50% in class XII & 50% in PCM 60%
5. Computer Engineering 2 (two) 50% in class XII & 50% in PCM 60%
5. Computer Engineering 2 (two) 50% in class XII & 50% in PCM 60%
6. Electrical Engineering 1 (one) 45% in class XII & 45% in PCM 60%
7. B. Pharmacy 1 (one) 45% in PCM (Theory) of class XII 60%

གཉིས་པ། ཌིབ་ལོ་མའི་ཟུར་བཅད་ས་མིག (RESERVED SEATS IN DIPLOMA COURSES)

1. Printing Technology 2 (two) 35% in class X & 35 in Science and Math 55%
2. Computer Technology 1 (one) 60% in class X with Science and Math 60%
3. Chemical Technology 1 (one) 45% in class XII with PCM 55%
4. D. Pharmacy 1 (one) 45% in class XII PCB/M 55%

གསུམ་པ། ཤེས་ཡོན་རིག་པའི་ཟུར་བཅད་ས་མིག(RESERVED SEATS IN REGIONAL INSTITUTE OF EDUCATION)

1. B.Sc. B.Ed. 4 (four) 50% in class XII PCM/B 60%

Note:    Central Tibetan Schools Administration (CTSA), New Delhi awards 15 Bachelor Degrees and 5 Diploma/Vocational Degrees scholarship for its wards. The DoE Scholarship Committee with a Representative from CTSA will do the selection of the aforesaid scholarship. The scholarship recipients should admit themselves in a recognized/affiliated institutes.

བཞི་པ། མ་ནི་པལ་གཙུག་ལག་སློབ་ཁང་གི་ཟུར་བཅད་ས་མིག (RESERVED SEATS IN MANIPAL UNIVERSITY)

1. B.Sc. Nursing, Manipal 5 (five)
2. B.Sc. Nursing, Mangalore 10 (ten)
3. B.Sc. Nursing, Bangalore 5 (five)
4. BPT, Manipal 5 (five)
5. BPT, Mangalore 5 (five)
6. BOT, Manipal 3 (three)
7. B.Sc. MIT, Manipal 5 (five)
8. B.Sc. NMT, Manipal 1 (one)
9. B.Sc. MLT, Manipal 4 (four))
10. B.Sc. RT, Manipal 4 (four)
11. B.Sc. CVT, Manipal 2 (two)
12. B.Sc. Optometry, Manipal 5 (five)
13. BASLP, Manipal 2 (two)
14. BASLP, Mangalore 2 (two)
15. B.Sc. MRT, Manipa 1 (One)
16. B.Sc. HIA, Manipal 4 (four)

ལྔ་པ། ཀ༽ ཕྱི་ལོ་ ༢༠༡༡ ལོའི་འཛིན་རིམ་བཅུ་གཉིས་སྒྱུ་རྩལ་སྡེ་ཚན་ (Class XII Arts) དང་། (Class XII ་་ Commerce)ཚོང་རིག་སྡེ་ཚན་གྱི་ཡིག་རྒྱུགས་ནང་བརྒྱ་ཆ་ ༧༥ དང་དེ་ཡན་ལོན་པ་དང་། (Class XII Science) ཚན་རིག་
སྡེ་ཚན་གྱི་ཡིག་རྒྱུགས་ནང་བརྒྱ་ཆ་ ༧༠ དང་དེ་ཡན་ལོན་པ་རྣམས་ནས་རང་གི་རིག་ཚན་ (Same Stream) ཁོངས་ཀྱི་རང་མོས་སློབ་ཚན་ཐོག་ལུགས་མཐུན་འཚང་སྙན་ཕུལ་ཚེ་མཐོ་སློབ་སློབ་ཡོན་གནང་རྒྱུ། གཤམ་འཁོད་ཐུགས་སྣང་དགོས་པའི་གནད་དོན་གྱི་ཨང་  ༣ ༥ དང་ ༦ བཅས་ཀྱི་དམིགས་བསལ་བརྒྱ་ཆ་དོན་ཚན་འདི་ཁོངས་སུ་བརྩི་རྒྱུ་མིན།

ཁ༽ བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་མཐོ་སློབ་འགྲིམ་བཞིན་པ་ཞིག་ཉེ་བའི་གཙུག་ལག་རབ་འབྱམས་པའི་(Bachelor of Arts) དང་། (Bachelor of Commerce) ཡིག་རྒྱུགས་ནང་བརྒྱ་ཆ་ ༧༥ དང་དེ་ཡན་ལོན་པ། (Bachelor of Science)
ཡིག་རྒྱུགས་ནང་བརྒྱ་ཆ་ ༧༠ དང་དེ་ཡན་ལོན་པ་རྣམས་ནས་མུ་མཐུད་སློབ་སྦྱོང་བྱ་འདོད་ཡོད་ན་སློབ་ཚན་དེ་གའི་ཐོག་ལུགས་མཐུན་སློབ་ཡོན་ཞུ་སྙན་ཕུལ་ཚེ་མཐོ་སློབ་སློབ་ཡོན་གནང་རྒྱུ་ཡིན།

དྲུག་པ། ཉམས་ཞིབ་དང་། ཁྱད་མཁས། ཆེད་ལས་སློབ་ཚན། (Research, Specialized & Professional Courses)

ཨང་། སློབ་ཚན། ས་མིག་གྲངས། སློབ་ཡོན་ཐོབ་པར་ཉུང་མཐའི་བརྒྱ་ཆ་དགོས་པ།
1. B.P Ed (Bachelor of Physical Education) 1 55%in Class XII
2. Post B.Sc Nursing 2 60% in Bachelor
3. B.B.A / B.B.M / B.B.S 2 55% in class XII
4. B.H.M (Bachelor of Hotel Management) 2 55%in Class XII
5. Bachelor of Pharmacy (Non-Reserved Seat) 2 60% in class XII and 60% in PCB
6. M.B.B.S (Non-Reserved Seat) 2 60% in class XII and 60% in PCB
7. Engineering (Non Reserved Seat) 1 50% in class XII & 50% in PCM
8. B.Sc Biotechnology 1 60% in class XII Science
9. B.Sc IT (Information Technology) 1 60% in class XII with PCM
10. Bachelor of Architecture 1 60% in class XII
11. B.Tech (IT) 1 60% in class XII with PCM
12. B.A (Hons) 5 65% in class XII Arts
13. B.A Foreign Language 1 65% in class XII Arts
14. B.Ed 10 50% in Bachelor
15. B.Ed (Special Education) 2 50% in B.Sc
16. L.L.B (Bachelor of Laws) 3 55% in class XII
17. B.Sc (Hons 6 55% in class XII Science
18. B.C.A (Bachelor of Computer Application) 2 55% in class XII with PCM
19. B.P.T (Bachelor of Physiotherapy) 1 60% in class XII with PCB
20. B.D.S (Bachelor of Dental Surgery) 1 60% in class XII with PCBM
21. B.Sc Computer Science 2 55% in class XII & 55% in PCM
22. B.Sc Respiratory Therapy 1 60% in class XII Science
23. B.Sc MLT (Medical Laboratory Technology) 1 60% in class XII with PCB
24. L.L.M (Master of Laws) 1 55% in Bachelor
25. M.S.W (Master of Social Work) 1 55% in Bachelor
26. M.B.A/PGDM 1 60% in Bachelor
27. M.C.A (Master of Computer Application) 1 55% in BCA
28. M.P.T (Master of Physiotherapy) 1 55% in Bachelor
29. M.D.S (Master of Dental Surgery 1 60% in Bachelor
30. M.D/M.S 1 60% in Bachelor
31. M.Ed 1 50% in B.Ed
32. M.Sc MLT (Medical Laboratory Technology) 1 60% in Bachelor
33. M.Sc 5 55% in Bachelor
34. M.Sc Computer Science 1 55% in Bachelor
35. M.Sc Biotechnology 1 55% in Bachelor
36. M.Sc Environmental Science 1 55% in Bachelor
37. M.Sc Bio Genetics 1 55% in Bachelor
38. P.G Counselling & Guidance 1 50% in M.A Psychology
39. P.G Journalism/Mass Communication 1 50% in Bachelor
40. Chartered Accountancy/Cost & Work Accountancy 1 50% in Bachelor
41. M.A 5 55% in Bachelor
42. M.Com 5 55% in Bachelor
43. P.G Health and Hospital Administration 1 55% in Bachelor
44. Sowa Rigpa 1 60% in class XII
45. B.Sc Agriculture 1 55% in class XII Science
46. B. Lib (Library Science) 1 55% in class XII Arts
47. M.Phil & Ph.D 10

བདུན་པ། སྤྱིར་བཏང་སློབ་ཚན། (General Courses)

1 B.A (General) 6 65% in class XII Arts
2 B.A (Vocational Studies) 7 70% in class XII Vocational
3 B.Sc 10 55% in class XII Scienc
4 B.Com 5 65% in class XII Commerce
5 B.Com (Vocational Studies) 3 70% in class XII Vocational
6 B.B.A / B.B.M/F.M.M (Vocational Studies) 2 70% in class XII Vocational

བརྒྱད་པ། དུས་ཐུང་ལས་རིགས་སློབ་ཚན། (Vocational Courses)

1 1) Front Office/ House keeping/Food & Beverages, Cookery Craft
2) Travel, Tourism & Ticketing
3) Secretarial Practices
4) Hotel Management
5) Beautician
6) Stock Market
7) Airhostess/Flight Steward
10 55% in class XII Vocational

དགུ་པ། དུས་ཐུང་ལག་འཁྱེར་སློབ་ཚན། (Diploma Courses)

1 Web Designing / Multi Media / Animation 2 55% in class XIIl
2 Graphic Designing 1 55% in BCA
3 General Nursing 3 55% in class XII
4 Fine / Commercial Arts 1 55% in class XII
5 Medical Laboratory Technology (MLT) 2 55% in class XII Science

བཅུ་པ། བོད་ཀྱི་མཐོ་རིམ་རིག་གནས་སློབ་སྦྱོང་དང་། དེང་རབས་མཐོ་རིམ་སློབ་སྦྱོང་ཆེད།

1 College for Higher Tibetan Studies, Sarah 15 (fifteen)
2 Tibetan schools in Nepal 15 (fifteen)

མཆན།

  • གོང་གསལ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ལས་རིམ་ཇི་ཡོད་རྣམས་རྒྱུན་སྐྱོང་དང་འཕེལ་རྒྱས་ཡོང་སླད་ཤེས་རིག་ལས་ཁུངས་ནས་དམིགས་བསལ་མཐུན་སབྱོར་ཞུས་པ་ཞིག་ཡིན་ན། སློབ་ཡོན་སྐོར་ས་ར་མཐོ་རིམ་སློོབ་ཁང་ནས་གསལ་བསྒྲགས་བྱུང་མཚམས་ཞུ་སྙན་ཐད་ཀར་འབུལ་དགོས།
  • འདི་ག་ལས་ཁུངས་ནས་མཐོ་སློབ་སློབ་ཡོན་ཁོངས་འཛིན་རིམ་བཅུ་གཉིས་གསར་ཐོན་རྣམས་ལ་གོ་སྐབས་དང་པོ་དང་། སློབ་ཡོན་འཚང་སྙན་མེད་པར་ལྷག་རིགས་སྔོན་ཐོན་ཟིན་པའི་སློབ་གཉེར་བ་དོ་སྣང་ཡོད་རིགས་ལའང་བགོ་འགྲེམས་ཞུ་རྒྱུ་ཡིན་ན་དེ་དོན་འདུན་པ་ཡོད་རིགས་ནས་འཚང་སྙན་འབུལ་ཆོག་པ་ཡིན།
  • གོང་གསལ་སློབ་ཡོན་ཁོངས་མེད་པའི་སློབ་ཚན་ཐོག་སྙན་འབུལ་བ་བྱུང་ཚེ་སློབ་ཡོན་གྲངས་ ༡༠ ཟུར་འཇོག་ཞུས་ཡོད་པས་སྐབས་མཚམས་འདི་གའི་མཐོ་སློབ་སློབ་ཡོན་ཚོགས་ཆུང་ནས་རང་རིགས་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ཏེ་སློབ་ཡོན་གནང་རྒྱུ།
  • སློབ་ཡོན་ཉིས་ལྡབ་ལེན་མི་ཆོག་ཀྱང་། རོགས་ཚོགས་དང་སྒེར་ཁག་ནས་སློབ་ཡོན་ཁ་སྣོན་ཞུས་ཐོབ་བྱུང་བའི་ཁུངས་ལྡན་དན་རྟགས་ཁ་གསལ་ཕུལ་བ་བྱུང་ཚེ་འདི་ནས་མུ་མཐུད་སློབ་ཡོན་དགོངས་བཞེས་ཡོང་རྒྱུ་ཡིན།
  • ཀ༽ ཤེས་རིག་ལས་ཁུངས་སུ་འཚང་སྙན་འགེངས་ཤོག་མཉམ་ངོ་བཤུས་ངེས་པར་འབུལ་དགོས་པའི་ཡིག་ཆ་ཁག་གཤམ་གསལ།
    1. འཛིན་རིམ་བཅུ་པ་དང་། བཅུ་གཉིས། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks card) དང་ (Pass Certificate) རྒྱུགས་འཕྲོད་ལག་འཁྱེར།
    2. སློབ་གྲྭའི་ནང་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་ཐོབ་མཁན་ (Best Boy or Girl Award) གྱི་ལག་འཁྱེར།
    3. གལ་ཏེ་གཙུག་ལག་རབ་འབྱམས་པའི་སློབ་ཚན་(Master or Equivalent)ཁོངས་སུ་འཚང་སྙན་འབུལ་མི་ཡིན་ན་འཚང་སྙན་མཉམ་སོ་སོའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (Bachelor) ལོ་རིམ་དང་པོ་ནས་མཐའ་མའི་བར་གྱི་ཡིག་རྒྱུགས་ཨང་ཤོག་དང་། རྒྱུགས་
      འཕྲོད་ལག་འཁྱེར་བཅས་དགོས་མཁོའི་ཡིག་ཆ་ཁག་གསལ་བསྒྲགས་ནང་གསལ་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འབྱོར་བ་འབུལ་དགོས།
    4. གོང་གསལ་ཡིག་ཆ་ཁག་གི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས། ཡང་ན་བོད་གཞུང་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ཞིབ་བཤེར་སོང་བའི་འགན་ལེན་དག་མཆན་(Attestation)ངེས་པར་ཞུ་དགོས།
    5. ཕ་མ་བོད་ནང་ཡོད་པའམ། འདས་གྲོངས། ཡང་ན་ཁ་བྲལ་སོང་བ་ཡིན་ཚེ་འབྲེལ་ཆགས་བོད་གཞུང་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་དབུ་འཛིན་དང་བོད་རིགས་སློབ་སྤྱི་གང་རུང་ནས་དེ་མཚུངས་ངོས་སྦྱོར་ཞུ་འབུལ་དགོས་རྒྱུ།
    6. བལ་ཡུལ་དང་འབྲུག་ཁུལ་ནས་འཚང་སྙན་འབུལ་མི་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་༼རྒྱབ་གཉེར་མཉམ་སྦྱར་དགོས་པ་༽ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ངོས་སྦྱོར་འབུལ་དགོས།

    ཁ༽གཤམ་གསལ་ཡིག་ཆ་རྣམས་ལ་ས་གནས་འགོ་འཛིན་ནས་ཞིབ་བསྡུར་ཟིན་པར་བརྟེན་ངོ་བཤུས་ཁག་ཤེས་རིག་ལས་ཁུངས་སུ་འབུལ་མ་དགོས་པ།

    1. དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་རང་བདེན་ཚོགས་ཆུང་ནས་བདེན་དཔང་མཚན་རྟགས་ཞུས་པ་དགོས།
    2. རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་འབུལ་དགོས། གལ་ཏེ་དུས་འགྱངས་སམ་གསར་བཟོའི་ཆེད་ཕུལ་ཡོད་ཚེ་ལག་འཁྱེར་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས།ཐུགས་སྣང་དགོས་པའི་གནད་དོན་གཞན་ཁག
    3. གོང་གསལ་སློབ་ཚན་ཁག་ལ་འདི་ནས་ཉུང་མཐའི་དགོས་ངེས་བརྒྱ་ཆ་གཏན་འབེབས་ཡོད་པ་ལྟར་མཐའ་མའི་འདེམས་སྒྲུག་སྐབས་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་ཏེ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཡོན་བགོ་འགྲེམས་བྱ་རྒྱུ།
    4. འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པའམ་བཅུ་གཉིས་གང་རུང་ནང་བོད་ཡིག་སློབ་ཚན་ཐོག་སློབ་སྦྱོང་བྱས་མེད་ཚེ་མཐོ་སློབ་སློབ་ཡོན་གནང་རྒྱུ་མིན་ནའང་། གོང་གི་སྡེ་ཚན་དང་པོ་ནས་གསུམ་པ་བར་གྱི་ཟུར་བཅད་ཞབས་སྟེགས་གང་རུང་ནང་འཛུལ་ཞུགས་ཆོག་འཐུས།
    5. ཟུར་བཅད་ཞབས་སྟེགས་འདེམས་སྒྲུག་སྐབས་འཚང་སྙན་འབུལ་མི་གང་ཞིག་ནས་འཛིན་རིམ་བཅུ་པའམ་བཅུ་གཉིས་གང་རུང་ནང་བོད་ཡིག་སློབ་ཚན་ཐོག་སློབ་སྦྱོང་དང་དེའི་ཡིག་རྒྱུགས་འཕྲོད་མཁན་ལ་དམིགས་བསལ་གྱིས་བརྒྱ་ཆ་ ༥ ཁ་སྣོན་བྱ་རྒྱུ།
    6. སློབ་ཡོན་གྱི་འཚང་སྙན་འགེངས་ཤོག་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ www.tcewf.org ནང་བཞག་ཡོད་པས་ལྟ་ཞིབ་དགོས་རྒྱུ་དང་། འཚང་སྙན་འགེངས་ཤོག་གོང་གསལ་དྲ་རྒྱ་ནས་ཕབ་བཤུས་ཀྱིས་འབུལ་ནའང་འཐུས་རྒྱུ།
    7. གཤམ་གསལ་དམིགས་བསལ་ཆ་རྐྱེན་གང་རུང་ཞིག་ཚང་ཡོད་ཚེ་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ཀྱི་ཁྱོན་བསྡོམས་བརྒྱ་ཆའི་ཐོག་ཁ་སྣོན་བྱ་རྒྱུ།ཀ། འཛིན་རིམ་བཅུ་གཉིས་ཀྱི་སྤྱི་ཡོངས་ཡིག་རྒྱུགས་ནང་བོད་ཡིག་སློབ་ཚན་ཐོག
    8. ཨང་ཀི་ ༧༥ ནས་ ༨༥ བར་ལ་བརྒྱ་ཆ་ ༢ དང་།
    9. ཨང་ཀི་ ༨༦ ནས་ ༩༥ བར་ལ་བརྒྱ་ཆ་ ༣།
    10. ཨང་ཀི་ ༩༦ ཡན་ལ་བརྒྱ་ཆ་ ༥།ཁ། འཛིན་རིམ་བཅུ་གཉིས་ནང་ཤེས་རིག་ལས་ཁུངས་ནས་དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་བྱ་དགའ་ཐོབ་མཁན་ལ་བརྒྱ་ཆ་ ༥ དང་།

    ག། སློབ་གྲྭའི་ནང་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་ཐོབ་མཁན་ (Best Boy or Girl Award) ལ་བརྒྱ་ཆ་ ༣།

    ང་། དྭང་སློབ་དམག་སྦྱོང་ནང་ལོ་གཉིས་ཞབས་ཞུས་ཟིན་མཁན་ལ་བརྒྱ་ཆ་ ༥།

  • དབང་པོ་སྐྱོན་ཅན་གང་ཞིག་ལ་བརྒྱ་ཆ་ ༥ ཆག་ཡང་ཡོད་པས་འབྲེལ་ཡོད་ཆེད་མཁས་སྨན་པའི་ཁུངས་སྐྱེལ་ཡིག་ཆ་ཞུ་དགོས་རྒྱུ།
  • སྡེ་ཚན་ ༡ ནས་ ༣ བར་གྱི་ཟུར་བཅད་སློབ་ཚན་དང་ས་མིག་གྲངས་ཚད་རྣམས་ལ་འགྱུར་བ་ཡོང་སྲིད།
  • གོང་གི་ཟུར་བཅད་ཞབས་སྟེགས་ཐོབ་རིགས་རྣམས་ནས་སློབ་སྦྱོང་མཇུག་བསྒྲིལ་མ་ཟིན་བར་བོད་གཞུང་ངམ་སྒེར་ཁུངས་ཀྱི་ཕྱི་ནང་གཉིས་ཀྱི་སློབ་ཡོན་ཅི་འདྲ་ཞིག་གི་ནང་དུའང་འཛུལ་ཞུགས་མི་ཆོག
  • འཚང་སྙན་འགེངས་ཤོག་མཉམ་དུ་ཡིག་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༡༥༠ འདི་གར་འབུལ་དགོས།
  • འཚང་སྙན་འགེངས་ཤོག་ནང་རང་ཉིད་ཀྱི་འདམ་ཁ་བྱས་པའི་སློབ་ཚན་ཐོག་འབྲི་སུབ་གནང་མི་ཆོག
  • དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་དགོས་ངེས་ཡིག་ཆ་ཚང་མིན་བརྡ་ལན་བྱ་རྒྱུ་ཡིན་རུང་དང་། དེའི་རྗེས་སུ་ཕུལ་འབྱོར་བྱུང་བ་རྣམས་ལ་བརྡ་ལན་བྱ་རྒྱུ་མིན།
  • དྭོགས་འདྲི་ཡོད་ཚེ་གློག་འཕྲིན་ Email:[email protected] ཐོག་འབྲེལ་བ་གནང་འཐུས།
  • འཚང་སྙན་འགེངས་ཤོག་སྟེང་ས་གནས་འགོ་འཛིན་ནས་ཞིབ་འཇུག་ཟིན་པའི་དག་མཆན་མཚན་རྟགས་ངེས་པར་དུ་ཞུ་དགོས་པ་ཡིན།
  • འཚང་སྙན་དང་དགོས་ངེས་ཡིག་ཆ་ཁག་དམ་དོན་གྱིས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༣༡ ནང་ཚུད་ངེས་འབུལ་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། བོད་གཞུང་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༨ ལ།།
    Secretary
    Department of Education, CTA
    Gangchen Kyishong
    Dharamsala-176215
    Distt. Kangra, Himachal Pradesh
    Ph: 01892 – 226695, 222572, 222721
    Fax: 01892- 223481
    Email: [email protected]
    Website: www.tcewf.org
Share with your friends










Submit