༄༅། །འདི་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ འཁོད་པའི་གསལ་བསྒྲགས་ཀྱི་ནང་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༠ ནས་ཉིན་གྲངས་ ༡༠ རིང་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༣ པ་དེ་ཧྲཱ་དན་བདེ་སྐྱིད་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་གོ་སྒྲིག་གནང་རྒྱུའི་སྐོར་གསལ་ཡོད་པ་དེ་ལྟར་ཡང་།ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག ༢༠༡༡ ཟླ་ ༥ ཚེས་ ༢༡ ཙམ་ནས་ཉིན་ཤས་རིང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༢ པ་བསྐོང་ཚོགས་གནང་རྒྱུ་ཐུགས་གཏན་འཁེལ་འདུག་པར།  འདི་གའི་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གྱི་གཏན་འབེབས་དུས་ཚོད་དང་མཉམ་འཁེལ་ཆགས་འདུག་སྟབས། ཁྲིམས་རྩོད་པའི་སྦྱོང་བརྡར་མི་འགྲོའི་ཁོངས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དུ་ཚོགས་བཅར་ཞུ་དགོས་རིགས་ཡོང་སྲིད་པ་མ་ཟད། ཁྲིམས་ཞིབ་པ་རྣམ་པའང་ཚོགས་བཅར་ཞུ་དགོས་བཅས་ལ་བརྟེན། བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གྱི་དུས་ཚོད་སྔ་སྣུར་མི་བྱ་ཐབས་མེད་ཆགས་སོང་ན། ད་ཆ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༣ པ་དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༦  ནས་བཟུང་ཉིན་གྲངས་ ༡༠ རིང་གོ་སྒྲིག་གནང་རྒྱུའི་དུས་ཚོད་ལ་འགྱུར་བ་གཏོང་དགོས་བྱུང་བར་བརྟེན། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གྱི་ལས་རིམ་ནང་འཛུལ་ཞུགས་བྱ་བློ་ཡོད་མཁན་མི་འགྲོ་རྣམས་ནས་ ༢༠༡༡ ཟླ་ ༤ ཚེས་ ༧ འགྱངས་མེད་འཚང་སྙན་དང་སྦྲགས་དག་མཆན་འཁོད་པའི་ཡིག་ཆ་བཅས་འབྲེལ་ཡོད་ས་གནས་འགོ་འཛིན་སོ་སོའི་ལས་ཁུངས་སུ་འབུལ་འབྱོར་ཐུབ་པ་དགོས་རྒྱུ་དང་། འབྲེལ་ཡོད་ས་གནས་འགོ་འཛིན་རྣམས་ནས་མི་འགྲོ་སོ་སོའི་འཚང་སྙན་དང་ཡིག་ཆ་ཁག་འདི་ག་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ ༢༠༡༡ ཟླ་ ༤ ཚེས་ ༡༥ ནང་ཚུད་འབུལ་འབྱོར་ཐུབ་པ་དགོས་རྒྱུའི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམ་ཞིབ་ཁང་ནས་ ༢༠༡༡ ཟླ་ཚེས་ལ།།

Share with your friends










Submit