ཟླ་བ་ ༢ ཚེས ༧ ༢༠༡༡


༄༅། །བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༨ འཁོད་པའི་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་འཁོར་བའི་དུས་ཆེན་དང་སྟབས་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྤྱི་དང་། ལྷག་པར་བོད་འབངས་རྣམས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་པར་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པར་མང་ཚོགས་ནས་ཞལ་འདེབས་ཇི་བྱུང་དང་། གཟེངས་རྟགས་ཆེད་འགྲོ་གྲོན་སོང་། ཞལ་འདེབས་ཀྱི་དངུལ་ལྷག་གནས་སྟངས་བཅས་བོད་མིའི་རང་དབང་གསར་ཤོག་སྟེང་གསལ་བསྒྲགས་གནང་ཡོད་པའི་ནང་། སྦིར་བོད་ཚོགས་དགོན་སྡེ་དང་། གཞིས་མི། དབུས་སྨན་རྩིས་ཡན་ལག འཕྲོད་བསྟེན་སྨན་ཁང་གཉིས་ཀྱི་ལས་བྱེད་བཅས་ཀྱིས་གོང་གསལ་གསེར་གྱི་གཟེངས་རྟགས་ཆེད་ཧིན་སྒོར་ ༢༧༧༠༠།༠༠ ཐམ་པ་འབུལ་ལམ་ཞུ་གནང་ཡོད་པ་དེ་ཡང་ཅོན་ཏ་ར་གཞིས་ཆགས་ནས་ཞལ་འདེབས་སྔ་རྗེས་འབྱོར་བའི་ཁོངས་བསྡོམས་ཏེ་ཅོན་ཏ་ར་ནས་ཐེངས་གསུམ་འབྱོར་ཞེས་པའི་ཁོངས་ནས་གོང་གསལ་ཞལ་འདེབས་ཧིན་སྒོར་ ༢༧༧༠༠།༠༠ དེ་དག་སྦིར་བོད་ཚོགས་ནས་ཡིན་པས་སྔོན་དུ་ཟླ་བསྒྲིལ་གྱིས་འགོད་ནོར་བྱུང་འདུག་པར་དགོངས་སེལ་ཞུ་རྒྱུ་དང་། རྩ་བའི་གསེར་གྱི་གཟེངས་རྟགས་ཆེད་ཞལ་འདེབས་ཇི་བྱུང་གི་བསྡོམས་འབོར་གསལ་བསྒྲགས་སྔོན་སོང་ལ་འགྱུར་བ་མེད་ཞུ་རྒྱུ་བཅས།

ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ལ།།

Share with your friends










Submit