ཟླ་བ་ ༡༡ ཚེས ༡༥ ༢༠༡༠

༄༅། སྦེལ་ཀོབ་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་མཚོ་སྣ་ལྷག་པ་ལགས་འཕོས་ཚབ་ཏུ།

ཁྲིམས་ལུགས་རིག་པ་བ་རྣམ་རྒྱལ་ཚེ་སྐྱིད་ལགས་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༩ ནས་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་གནང་བ་དང་། རྣམ་རྒྱལ་ཚེ་སྐྱིད་ལགས་ ༢༠༠༠ ལོར་ JSS Law College, Mysore ཐོན་རྗེས། ༢༠༠༢ ལོར་ Mysore University ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཚོང་འབྲེལ་ཁྲིམས་ལུགས་ཐོག་ LLM ཐོན། ༢༠༠༢ ཟླ་ ༨ པ་ནས་ ༢༠༠༦ ཟླ་ ༧ པ་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་ཞུགས་ཀྱིས་ལྡི་ལིར་བཅའ་བཞུགས་བོད་གཞུང་གི་ཁྲིམས་རྩོད་པ་སྐུ་ཞབས་མུ་ཁྱེ་སར་ཟླ་དྲུག་རིང་ཁྲིམས་རྩོད་པའི་ཉམས་གསོག་དང་འབྲེལ་ Delhi Bar Council ནས་ཁྲིམས་རྩོད་པའི་ལག་ཁྱེར་ཞུས་ཐོབ་བྱུང་ཡོད། ༢༠༠༦ ཟླ་ ༨ པའི་ནང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཨ་རི་བོད་མིའི་སློབ་ཡོན་ལས་འཆར་ཁོངས་འདེམས་ཐོན་བྱུང་སྟེ། ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་ལོ་གཉིས་རིང་ American University ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ཐོག་ LLM ལེགས་ཐོན་བྱུང་རྗེས་རྒྱ་གར་དུ་ཕྱིར་ལོག་གིས་ ༢༠༠༨ ཟླ་ ༩ པ་ནས་ ༢༠༡༠ ཟླ་ ༡༡ ཚེས་ ༥ བར་སླར་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཕྱག་ལས་གནང་ཡོད་པ་བཅས་ཀྱི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ ༢༠༡༠ ཟླ་ཚེས་ལ།།