༢༠༡༠ ཟླ་ ༡༠ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༦ རེས་གཟའ་ལྷག་པའི་ཉིན་སྦེལ་ཇམ་གྱི་རྒྱལ་ས་བྷར་སེལ་ (Brussels) ནང་ཡུ་རོབ་དང་རྒྱ་ནག་ལྷན་ཚོགས་ཐེངས་ ༡༣ དེ་ (13th EU-China Summit) ཚོགས་ཡོད། སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་མེཀ་མི་ལན་སི་ཀོཊ་(McMillan-Scott) མཆོག་ནས་བོད་ཀྱི་གནད་དོན་སེལ་སླད་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཚབ་དབར་གྲོས་མོལ་འཕྲལ་དུ་བསྐྱར་འཛུགས་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་མ་ཟད། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཆེས་མཐོའི་སྐུ་ཚབ་ལྕམ་ཨ་ཤ་ཊོན་མཆོག་ནས་ཡུ་རོབ་བོད་ཀྱི་དམིགས་བསལ་སྐུ་ཚབ་ (EU Special Representative for Tibet) གསར་འཛུགས་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག ཕྱོགས་མཚུངས་ཁོང་ནས་དབྱིན་ཡུལ་ངལ་རྩོལ་ཚོགས་པས་ (Labour Party) མིང་ཙམ་གྱིས་བོད་ལ་རྒྱ་ནག་གི་བདག་དབང་ཡོད་པར་ངོས་འཛིན་གནང་བ་དེ་ད་ཡོད་དབྱིན་ཡུལ་མཉམ་སྡེབ་སྲིད་གཞུང་ནས་ཕྱིར་འཐེན་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག
བོད་རྒྱ་འབྲེལ་མོལ་བསྐྱར་འཛུགས་ཡོང་རྒྱུར་ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱབ་སྐྱོར་གནང་བ།
གསར་གནས།
འབྲེལ་གནས།