ཟླ་བ་ ༧ ཚེས ༢༦ ༢༠༡༠

༢༠༡༠ ཟླ་ ༧ ཚེས་ ༢༦ རེས་གཟའ་ཟླ་བ།

༄༅། བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁང་དུ་ལོ་གཉིས་རིང་གཉིས་མོས་ཆོད་གན་ཐོག་རྩིས་པའི་ལས་འགན་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས། ལས་བྱའི་སྡེ་ཚན་ཁོངས་ལས་དོ་ས་མིག་ཐོག་རྩིས་པའི་ལས་འགན་ཞབས་ཞུ།

ཀ དགོས་ངེས་ཆ་རྐྱེན།

༡༽ ཤེས་ཚད། མཐོ་རིམ་སློབ་གྲྭ་ཚད་ལྡན་ཞིག་ནས་ B.COM/BBA/BBS ཐོན་པའམ་ཡང་ན་དེ་དང་གནས་ཚད་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་དགོས་པ་ཡིན།

༢༽ རང་ལོ་ ༢༡ ལས་མི་ཉུང་ཞིང་། ༣༥ ལས་མ་བརྒལ་བ།

༣༽ གློག་ཀླད་ COMPUTER དབྱིན་བོད་རང་རྐྱ་འཕེར་ངེས་ཞིག་དགོས་པ།

༤༽ ཉམས་མྱོང་། ལས་ཁུངས་རྩིས་པའི་ལས་དོན་ཐོག་ཉམས་མྱོང་ཡོད་རིགས་ལ་འདེམས་ཀ་དམིགས་བསལ་ཡོད།

༥༽ བོད་བལ་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ།

༦༽ འབུལ་འབབ་གཙང་ཕུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་ ༡ པོ་དང་མཐའ་མིའི་ངོ་བཤུས།

༧༽ བལ་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ R.C ཤོག་གྲངས་ ༡ པོ་དང་མཐའ་མའི་ངོ་བཤུས། གནས་སྡོད་ཆོག་པའི་ལག་འཁྱེར་ཐོབ་མེད་ཚེ་ཕ་མ་གཉིས་གང་རུང་སྐྱབས་བཅོལ་གནས་སྡོད་ལག་འཁྱེར་ནང་རང་གི་ཕྲུག་གུ་ཡིན་པ་གསལ་འཁོད་ཡོད་པའི་ངོ་བཤུས། ཡང་ན་བལ་ཡུལ་ཡུལ་མིའི་ལག་འཁྱེར་ངོ་བཤུས།

༨༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཆེད་འཛིན་རིམ་བཅུ་པའི་ལག་འཁྱེར་ངོ་བཤུས་གང་རུང་།

༩༽ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར།

༡༠༽ གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་བཅས། གོང་གསལ་དགོས་ངེས་ཡིག་ཆའི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་ཡན་སུ་རུང་ཞིག་གིས་ངོ་མའི་ངོས་བཤུས་ཡིན་པའི་དག་མཆན་འཁོད་དགོས།

ཁ། མཐུན་རྐྱེན

༡༽ ལས་དོ་ས་མིག་གི་གསོལ་ཕོགས་ཟླ་རེར་བལ་སྒོར་ ༡༣༢༨༠ ཐོབ་རྒྱུའི་ཐོག་གཞན་མཐུན་རྐྱེན་ཇི་ཡོད་གཉིས་མོས་ཆོད་གན་ནང་གསལ་རྒྱུ་དང་། གོང་གསལ་ཆ་རྐྱེན་ཁག་ཚང་ཞིང་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་འཚང་སྙན་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༢ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་གནང་བདེའི་ཁ་བྱང་། ཁ་པར་ཨང་གྲངས་བཅས་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་དུ་འབུལ་འབྱོར་ཐུབ་པ་དགོས་རྒྱུ། འཚང་སྙན་འབུལ་མཁན་ཆ་རྐྱེན་ཚང་རིགས་རྩིས་དང་བོད་དབྱིན་འབྲི་རྒྱུག་དང་། ངག་རྒྱུགས་སྒྲིགས་གསལ་ལྟརལེན་རྒྱུ། འདེམས་མཐོན་བྱུང་པ་དེ་བཙན་བྱོལ་བོད་གཞུང་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞི་དོན་ཚན་ ༡༧ པའི་ནང་གསེས་ ༣ པའི་འོག་བཀའ་ཤག་དུ་ཆོད་གན་བཀའ་འཁྲོལ་ཞུས་ཐོན་བྱུང་མཚམས་ཆོད་གན་ཐོག་བསྐོ་གཞག་བྱ་རྒྱུ།

འཚང་སྙན་དུས་ཐོག་འབྱོར་རིགས་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་དང་རང་ཉིད་ཀྱི་ད་ལྟའི་ཕྱེད་པར་གཉིས་རེ་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༠ ཟླ་ ༧ ཚེས་ ༢༢ ལ།།

The Secretary,

Gaden Kangsar

P.O.BOX No: 310

Lazimpat

kathmandu,Nepal

Tel:4419903/4420799

Share with your friends










Submit