༢༠༡༠ ཟླ་ ༧ ཚེས་ ༢༧ རེས་གཟའ་མིག་དམར།

༄༅། །བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ལས་བྱེད་གསོལ་ཚང་དུ་རྩིས་པ་དང་ཟོག་གཉེར་གཅིག་ལྕོགས་ཀྱི་ས་མིག་སྟོང་པ་གཅིག་ཡོད་པས་གསོལ་ཕོགས་ཟླ་རེར་སྒོར་ ༨༠༡༢།༠༠ འབུལ་རྒྱུ་ཡིན་ན། རང་རེའི་བོད་མིའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ལས་ཀ་བྱེད་འདོད་ཡོད་རིགས་ནས་སོ་སོའི་ཚང་སྙན་དང་། གཤམ་གསལ་དགོས་མཁོའི་ཡིག་ཆ་རྣམས་ ༢༠༡༠ ཕྱི་ཟླ་ ༨ ཚེས་ ༡༤ ཕྱི་དྲོ་ཚོུད་ ༥ འགྱངས་མེད་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་སྙན་ཞུ་འབུལ་དགོས་པ་དང་། འདི་ནས་ལམ་འཕྲལ་དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་ཁ་བྱང་། ཨི་མེལ་ཁ་བྱང་། ཁ་པར་ཨང་གྲངས་བཅས་གསལ་འཁོད་འགོད་གནང་དགོས་རྒྱུ།

ཆ་རྐྱེན།

༡། འཛིན་རིམ་ ༡༢ ཐོན་པའི་ལག་འཁྱེར་སྟེང་ལོ་གསུམ་གྱི་རྩིས་པའི་ཉམས་མྱོང་ཡོད་པའམ། སྦི་ཀོམ་ཐོན་པ།

༢། དྭང་བླངས་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༣༡ བར་གཙང་འབུལ་ཟིན་པས་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།

༣། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ། འདྲ་དཔར་གྱི་ཤོག་གྲངས་དང་མཐའ་མ་བཅས་ཀྱི་ངོ་བཤུས།

༤། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༨ ཚེས་ ༡ ཉིན་རང་ལོ་ ༢༡ ལས་མ་ཉུང་ཞིང་། ༤༧ ལས་མ་བརྒལ་བའི་སྐྱེས་ཚེས་ལག་འཁྱེར་རམ། འཛིན་རིམ་བཅུ་པའི་ལག་འཁྱེར་གྱི་ངོ་བཤུས།

༥། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་ཐལ་སྤྱོད་མེད་པའི་ངོས་སྦྱོར།

༦། ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ། སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར།

༧། གོང་གསལ་ངོ་བཤུས་ཡིག་ཆར་ས་གནས་འགོ་འཛིན་ནམ། ཡང་ན་གཞུང་ཞབས་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་འགོད་དགོས། དེ་བཞིན་ཡིག་ཆ་ངོ་མ་རྣམས་རྒྱུགས་སྤྲོད་སྐབས་མིག་སྟོན་ངེས་པར་དགོས་རྒྱུ།

༨། འོས་ཆོས་ཚང་བ་རྣམས་ལ་འབྲི་རྒྱུགས་དང་ངག་རྒྱུགས་ཀྱི་ལམ་ནས་རྒྱུགས་བཞེས་ཀྱིས་རྩེ་འཐོན་འདེམས་སྒྲུག་གནང་རྒྱུ་དང་། ཐོག་མ་ཟླ་དྲུག་ཚོད་བལྟའི་ཐོག་བསྐོ་གཞག་གིས་དེ་རྗེས་ལས་བྱེད་གསོལ་ཚང་གི་སྒྲིག་གཞི་ལྟར་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་སུ།

བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་ ༢༠༡༠ ཕྱི་ཟླ་ ༧ ཚེས་ ༢༦ ལ།

Share with your friends










Submit