༢༠༡༠ ཟླ་ ༧ ཚེས་ ༡༦ རེས་གཟའ་པ་སངས།
༄༅། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིབ་ཞིབ་ཁང་གི་གོ་སྒྲིག་ཐོག་མེ་སོར་ས་གནས་ཁྲིམས་ཞིབ་ཁང་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་། ལྷོ་སྤྱིའི་ཁྱབ་ཁོངས་ཁ་འཐོར་འདུ་སྡོད་ཁག ༢ བཅས་ཀྱི་མི་འགྲོ་གྲངས་ ༤༢ སྐོར་ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༢ གནང་གཏན་འཁེལ་ཡོད།དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་། ཁྲིམས་ཞིབ་ངག་དབང་ཐུབ་བསྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༠ ཉིན་ལྡི་ལིར་ཕེབས་ཐོན་གྱིས་ཚེས་ ༢༡ སྔ་དྲོ་མཁའ་ལམ་བརྒྱུད་སྦེང་ལོར་ཕེབས་འབྱོར་དང་། ཕྱི་དྲོ་སྦེ་ལ་ཀོ་པིར་ཕེབས་འབྱོར་གྱིས་ས་གནས་སུ་ཁྲིམས་རྩོད་པའི་སྦྱོང་བརྡར་སློབ་ཁྲིད་མཚོན་ས་གནས་ཁྲིམས་ཞིབ་ཁང་གི་ལས་དོན་གཟིགས་ཞིབ་སོགས་ཚེས་ ༢༣ ནས་ཉིན་གྲངས་བཅུ་ཡི་རིང་གནང་རྒྱུ་ཡིན་པ་དང་། ཕྱི་ཟླ་ ༨ ཚེས་ ༢ ཉིན་སྦེང་ལོར་བརྒྱུད་ལྡི་ལི་དང་། ཚེས་ ༣ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གྱིས་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་འདུག་པའི་གནས་བསྡུས་སུ།།