དེང་སང་རང་རེའི་བོད་མིའི་སྤྱི་ཚོགས་གང་སར་ཡུལ་དུས་དང་ཟས་སྤྱོད་རྐྱེན་གྱིས་ལོ་རེ་ནས་ཕོ་ནད་སྨུག་པོ་རྨ་ནད་ན་མཁན་མང་དུ་འགྲོ་བཞིན་པར་སོང་བོད་གཞུང་དབུས་སྨན་རྩིས་ཁང་ཆེས་མཐོའི་རིག་གཞུང་ལྷན་ཚོགས་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ལ་དམིགས་གསལ་དགོངས་བཞེས་ཀྱི་ཆོག་མཆན་ཐོབ་པ་བཞིན།

༡༽  རྡ་ས་བོད་གཞུང་དབུས་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱིས་ ༢༠༡༠ ཕྱི་ཟླ་ ༨ ཚེས་ ༡ ནས་རྡ་ས་གངས་སྐྱིད་སྨན་ཁང་དུ་ཕོ་ནད་སྨུག་པོ་ནད་ཅན་མི་གྲངས་ ༡༠༠ ལ་ཟླ་དྲུག་རིང་ཕྱི་ནང་ཟུང་འབྲེལ་ཐོག་བརྟག་དཔྱད་ཀྱིས་བོད་སྨན་བཅོས་ཐབས་དང་ཟས་སྤྱོད་སློབ་སྟོན་སོགས་རིན་མེད་ཐོག་ཞུ་འཆར་ཡོད་ན་དུས་ཐོག་སྨན་ཁང་དུ་ངེས་ཕེབས་ཡོང་བ་ཞུ།

ཕོ་ནད་སྨུག་པོ་རྨ་ནད་དེ་དག་གསར་དུས་དུས་ཐོག་སྨན་བཅོས་མ་གནང་ཚེ་རིམ་པས་རྨ་ནད་ཉིང་རུལ་དུ་སོང་ནས་རྒྱུ་ལོང་དང་འཆིན་གནས་སོགས་ལའང་བཅོས་བཀའ་བའི་འབྲས་སྐྲན་གྱི་ནད་གཞིར་འགྱུར་ནས་དུས་མིན་འཆི་རྐྱེན་བྱུང་བཞིན་ཡོད་འདུག་ན་རང་དོན་རང་གཅེས་ཀྱིས་གོང་གསལ་དུས་ཐོག་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྡེ་ཚན་དང་གངས་སྐྱིད་སྨན་ཁང་གང་རུང་ལ་འབྲེལ་ལམ་ཡོང་བ་དགོང་འཇགས་འཚལ།

ཞེས་དབུས་ནད་བཅོས་ཉམས་ཞིབ་ལས་ཁང་ནས་ ༢༠༡༠ ཟླ་ ༧ ཚེས་ ༢༢ ཉིན།།

Share with your friends










Submit