ཟླ་བ་ ༦ ཚེས ༡༥ ༢༠༡༠

༄༅། །ཕྱི་ལོ་ ༡༩༩༡ ལོ་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཆིག་སྟོང་ཐམ་པ་ཨ་རིར་གཞུང་འབྲེལ་གཞིས་བསྐྱོད་སྐབས་བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་གནམ་གྲུའི་གླ་ཆ་དང་ཐོངས་མཆན་དོད་བཅས་འབྱོར་མེད་ཚོའི་བདེ་རྩར་དགོངས་བཞེས་ཀྱིས་བུན་གཡར་གནང་ཁོངས་ནས།

༡༽ སྦན་རྡ་ར་གཞིས་ཁོངས་བཀྲིས་ཕུན་ཚོགས། ཕ་མིང་བསྟན་འཛིན་རྣམ་དག ཁག་ཐེག དར་རྒྱས་དང་ཉི་མ། གཞིས་ཀེམ་༢།༤༢ PRATAPGARH,BHANDARA ཨ་རིར་སྡོད་ཡུལ་མི་ནི་སོ་ཀྲ། MINNESOTA ནས་ཕྱི་ལོ་ ༢༠༠༨།༧།༣༡། བར་ལམ་གྲོན་བུན་གཡར་མ་སྐྱེད་བསྡོམས་སྒོར་ ༡༤༩༩༥༥།༦༨ དང་།

༢༽ ལྡིར་ལིར་གནས་སྡོད་བསྟན་འཛིན། ཕ་མིང་ཐུབ་བསྟན། ཁག་ཐེག་ལྡི་ལིར་གནས་སྡོད་ངག་དབང་ཆོས་མཆོག་དང་། འབིར་གནས་སྡོད་གཅེན་པོ་ཚུལ་ཁྲིམས་བསྟན་འཛིན། R. C 153/87/PLP ཨ་རིར་སྡོད་ཡུལ་ཨོ་སི་ཀྲིན། AUSTIN ནས་ཕྱི་ལོ་ ༢༠༠༨།༨།༣༡ བར་ལམ་གྲོན་བུན་གཡར་མ་སྐྱེད་བསྡོམས་སྒོར་ ༡༡༩༣༦༢།༥༠ ཐོབ་པ་བཅས་འབྲེལ་ཡོད་དོ་བདག་དང་ཁག་ཐེག་བཅས་ལ་ས་གནས་འགོ་འཛིན་བརྒྱུད་དེད་སྐུལ་རིམ་པ་དང་གསར་ཤོག་རྒྱུད་ལམ་ནས་ཀྱང་གསལ་བསྒྲགས་ཐེངས་མང་ཞུས་ཀྱང་ཡ་ལན་ཙམ་ཡང་གནང་འབྱོར་མ་བྱུང་བས་ད་ཆ་ཁོང་གཉིས་ཀྱིས་གཞུང་བུན་འཇལ་འདོད་མེད་པར་བསམ་བཞིན་སྤྱི་དངུལ་སྒེར་ཟས་གནང་མཁན་ཞིག་ཏུ་ངོས་འཛིན་མ་བྱས་ཐབས་མེད་བྱུང་སོང་བའི་གསལ་བསྒྲགས་སུ།

བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་ ༢༠༠༩ ཟླ་ ༡༡ ཚེས་ ༦ ཉིན།།

Share with your friends










Submit