ཟླ་བ་ ༥ ཚེས ༡༡ ༢༠༡༠

༄༅། །འདི་ག་བོད་གཞུང་དཔལ་འབྱོར་ལས་ཁུངས་སུ་ལོ་མང་སྔོན་ནས་དངུལ་བུན་བཅོལ་འཇོག་གནང་ཁོངས་དངུལ་སྐྱེད་འབུལ་བསྡད་རྩིས་ཁོངས་སུ་གསལ་བ་གང་ཙམ་རྩད་གཅོད་ཐུབ་རྗེས་ཁུངས་སོ་སོར་འབྲེལ་བ་ཞུས་ཏེ་རྩིས་གཙང་ཟིན་པ་དང་དེ་ལྟརའང་། ཉུང་ཤས་ཤིག་རྩད་གཅོད་ཐུབ་ཐབས་སུ་འབད་པ་གང་ཡོད་ཞུས་ཀྱང་རྩིས་གཙང་མ་ཐུབ་པའི་ཁོངས།

༡། ཨ་རིར་བཅའ་སྡོད་ཚེ་རིང་རྡོ་རྗེ། དངུལ་འཛིན་ཨང་ ༡༨༦༣༣།

༢། ཚེ་རིང་དཔལ་འབྱོར། དངུལ་འཛིན་ཨང་ ༡༧༧༥༣།

༣། ངག་དབང་རྒྱ་མཚོ། དངུལ་འཛིན་ཨང་ ༡༥༣༨༥།

༤། ཧ་པ་སྤར་དུ་གནས་སྡོད་ཀོང་པོ་སངས་རྒྱས། དངུལ་འཛིན་ཨང་ ༡༡༣༠༨ བཅས་གོང་གསལ་ཁྱིམ་ཚང་རྣམས་ནས་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་གང་རུང་ནས་དོ་བདག་དངོས་འབྲེལ་ཡིན་པའི་ངོས་འབྱོར་དང་སྦྲགས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༨ ཚེས་ ༣༡ ནང་འཚུད་འདི་ལས་ནས་དངུལ་སྐྱེད་འབུལ་བསྡད་རྣམས་བཞེས་ཕྱོགས་ཡོང་བ་དང་། གལ་ཏེ་ད་དུང་རྩིས་བཞེས་གནང་མཁན་མ་བྱུང་ཚེ་བཞེས་མཁན་མེད་པར་ངོས་འཛིན་དང་འབྲེལ་གཞུང་བཞེས་ཀྱིས་གཞུང་གི་མ་དངུལ་ཁོངས་སུ་ཟླ་སྒྲིལ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་སུ།

བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་

ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༡ ཉིན།

Share with your friends










Submit