༢༠༡༠ ཕྱི་ཟླ་ ༥ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །འདི་གར་འབྲུག་སྡོད་བོད་མིའི་ལྟ་རྟོགས་ལས་ཁང་གི་བཏང་གནས་ནང་འཁོད་དོན། རང་གཞུང་ཕྱི་དྲིལ་ལས་ཁུངས་ནས་གནང་བའི་བརྙན་འཕྲིན་འཁོར་ཐག་རིམ་འབྱོར་དང་། ཆབ་སྲིད་དྲིལ་བསྒྲགས་ཡིག་ཆ་ཁག་ཇི་འབྱོར་མང་ཚོགས་ལ་གསལ་བསྒྲགས་དང་འགྲེམས་སྤེལ་ཞུ་མུས་དང་། དེ་བཞིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་ཞུ་སྐབས་རང་གཞུང་བཀའ་ཤག་གི་གསུང་བཤད་གཞིས་སྒར་ཚང་མར་འགྲེམས་སྤེལ་ཐོག་ཚང་མས་སྲུང་བརྩི་གང་ལེགས་ཞུ་བཞིན་ཡོད་ལ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༡ སྐབས་སུ་༸གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེ་དང་། དཔལ་ལྡན་བཀའ་སྤྱི་སོ་སོའི་གསུང་བཤད་དབུས་ནས་གནང་འབྱོར་བཞིན་ཁྱབ་ཁོངས་གཞིས་སྒར་ཚང་མར་འགྲེམས་སྤེལ་ཐོག་དུས་དྲན་སྲུང་བརྩི་ས་གནས་བབ་བསྟུན་གང་ལེགས་ཞུས་ཡོད། གཞན་བོད་ལྗོངས་མང་གཙོ་དབུ་བརྙེས་ནས་མི་ལོ་ ༤༧ འཁོར་བའི་དུས་དྲན་སྲུང་བརྩི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང་། བཀའ་ཤག་གི་གསུང་བཤད་གཞིས་སྒར་ཚང་མར་དུས་ཐོག་འགྲེམས་སྤེལ་དང་དུས་ཐོག་སྲུང་བརྩི་གང་ལེགས་ཞུས་ཡོད། ད་དུང་ཁྱབ་ཁོངས་གཞིས་སྒར་ཁག་ལ་སྐོར་བསྐྱོད་སྐབས་མང་ཚོགས་ཀྱི་བདེ་སྡུག་དང་། དབུས་ནས་ལམ་སྟོན་བཀའ་ཡིག་དང་གསལ་བསྒྲགས་ཇི་ཕེབས་བཞིན་མི་མང་ལ་གསལ་བསྒྲགས་ཀྱི་ལམ་སྟོན་ཞུ་མུས་ཡིན་པ་བཅས་ས་གནས་བབ་བསྟུན་ཆབ་སྲིད་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་སུ།