༢༠༡༠ ཕྱི་ཟླ་ ༤ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༥ ཉིན་ཐེ་ཝན་བོད་རིགས་བདེ་དོན་ལྷན་ཚོགས་དང་བོད་པའི་དགེ་འདུན་པ་ཁག་གཅིག་མཉམ་འབྲེལ་གྱིས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ཐེ་ཝན་དུ་ཡོད་པའི་བོད་རིགས་ཚོའི་ངོས་ནས་རོགས་སྐྱོར་ཇི་ལྟར་བྱེད་དགོས་མིན་སྐོར་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་མཟད། བོད་རིགས་སྐྱ་སེར་བསྡུས་པའི་རོགས་སྐྱོར་ཚོགས་པ་ཞིག་ཀྱང་གསར་འཛུགས་གནང་ཡོད། སྐབས་དེར་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་ཚེ་སྲོག་ཤོར་བ་རྣམས་ལ་སྨོན་ལམ་དང་མཆོད་འབུལ་རྒྱ་ཆེ་གནང་རྒྱུ་མ་ཟད། རྨས་སྐྱོན་བྱུང་བ་རྣམས་ལ་གང་མགྱོགས་ངལ་སེལ་དང་རོགས་སྐྱོར་བྱེད་རྒྱུའི་ཐག་གཅོད་ཀྱང་གནང་འདུག ཕྱི་ཚེས་ ༡༧ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༦།༠༠ བར་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ཀྱི་ཆེད་ཅང་ཀེ་ཤེཀ་དྲན་རྟེན་ཚོགས་ཁང་ Changkaishek Memorial Hall དུ་བོད་པའི་དགེ་འདུན་པ་བརྒྱ་ལྷག་ཙམ་དང་ཐེ་ན་ནང་པ་མི་གྲངས་ ༣༠༠། དེ་བཞིན་ཐེ་ཝན་དུ་གནས་སྡོད་བོད་རིགས་མང་ཚོགས་རྣམས་ མཉམ་ཞུགས་གནང་འདུག་པ་བཅས།།