[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  • བཀའ་བློན་ཁྲི་པ་མཆོག་གིས་ཨ་རིའི་གཙུག་ལག་སློབ་ཁང་ཞིག་ཏུ་གསུང་བཤད་གནང་རྒྱུ།
    ཟླ་བ་ ༡ ཚེས ༢༠ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༢༠ རེས་གཟའ་པ་སངས། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ནང་རྟེན་གཞི་བྱས་པའི་(Western Connecticut State University) གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་(President's… རྒྱས་པ་འདིར་གཟིགས་རོགས་གནང་།
  • སུད་སི་སྐུ་ཚབ་དོན་ཁང་གི་ཕྱི་ཟླ་བཅུ་གཉིས་ནང་བོད་དོན་ཆེད་ལས་འགུལ་སྤེལ་བ།
    ཟླ་བ་ ༡ ཚེས ༢༠ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༢༠ རེས་གཟའ་པ་སངས། ༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢ ་ཉིན་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཨོ་སི་ཊི་རི་ཡ་བོད་རིགས་ཚོགས་པས་༸གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན་གོ་སྒྲིག་གནང་བ་དེར་ཕེབས་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་རྣམ་གཉིས་ཀྱང་ཕེབས་ཡོད། ཕྱི་ཚེས་ ༤ ནས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རང་ཡུལ་བོད་དུ་ཕྱིར་ལོག་བྱེད་མཁན་བོད་མི་གནས་སྐོར་བར་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་གང་བྱུང་སྔོག་བཤེར་བྱེད་ཀྱི་ཡོད་པ།
    ཟླ་བ་ ༡ ཚེས ༡༩ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༩ རེས་གཟའ་ཕུར་བུ། ༄༅། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༩ ཉིན་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན།  རང་ཡུལ་བོད་ནས་བལ་ཡུལ་སོགས་སུ་གཉེན་འཕྲད་དང་གནས་སྐོར་དུ་ཕེབས་མི་རྣམས་རང་ཡུལ་དུ་ཕྱིར་ལོག་བྱེད་སྐབས་བལ་བོད་ས་མཚམས་འགྲམ་འགག་སྒོ་ནས་བཟུང་ལྷ་ས་གྲོང་ཁྱེར་བར་འགག་སྒོའི་ས་ཚིགས་ཁག་བཅུ་གཉིས་ཙམ་བཙུགས་ཏེ་དེ་དག་ལ་མཐའ་མཚམས་ས་སྲུང་དམག་མི་དང༌།  བོད་མི་གནས་ཡུལ་གྱི་ས་ཁུལ་ཁག་ནས་ཆེད་གཏོང་བྱས་པའི་བདེ་སྲུང་ཚན་པའི་མི་སྣ་སོགས་ཆེད་བཙུགས་ཀྱིས་ཅ་དངོས་བསྔོག་བཤེར་དང༌།  མི་སྣ་རྩད་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད།  བོད་མི་གནས་སྐོར་བ་ཚོས་རང་ཉིད་ཀྱི་འགྲོ་གྲོན་བཏང་ནས་ཉོས་པའི་སྨན་དང༌།   མཆོད་རྫས་སོགས་ཀྱང་ཆ་ཚང་བཙན་འཕྲོག་བྱེད་ཀྱི་ཡོད་འདུག་ཅིང༌། … རྒྱས་པ་འདིར་གཟིགས་རོགས་གནང་།
  • དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་སྤྱི་འཐུས་ནས་རྩ་དགོངས་ཞུས་པ།
    ཟླ་བ་ ༡ ཚེས ༡༩ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༡ ཟླ་ ༡ ཚེས་ ༡༩ རེས་གཟའ་ཕུར་བུ། ༄༅། །མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོ་སྦྲེས་གཞོན་དང་། རྒྱུན་ལས་ཐུན་མོང་གི་མཚན་ཐོག་ཏུ་ཕྱི་ལོ་ ༢༠༡༢ ལོའི་ ཟླ་ ༡ ཚེས་ ༡ འཁོད་སྙན་ཕུལ་འབྱོར་ནང་། ཁོང་གི་སྒེར་གྱི་རྒྱུ་མཚན་དབང་གིས་སྐབས་ ༡༥ པའི་སྤྱི་འཐུས་ནས་རྩ་དགོངས་ཞུ་བཞིན་ཡོད་ཚུལ་འཁོད་འདུག་པ་དང་། སྙན་ཞུའི་ནང་། གྲོས་ཚོགས་སྐབས་ ༡༥ པ་འགོ་བཙུགས་ནས་ད་བར་ཁོ་བོ་ཚོགས་ཐེངས་གཅིག་དང་གཞུང་དོན་དུ་འཚམས་གཟིགས་ཉིན་ཤས་ཙམ་ལས་དུས་ཁོམ་མ་བྱུང་བ་དང་། སླད་ཕྱིན་ཀྱང་ལས་འབོར་ཐད་ཧི་མ་ལའི་རི་རྒྱུད་དང་།  བོད་ནས་ཕེབས་པའི་རང་རིགས་རྒྱུད་འཛིན་རྣམས་ལ་ཤེས་ཡོན་དང་། རིག་གཞུང་སློབ་གཉེར་ཆེད་ས་གནས་སུ་ཤེས་ཡོན་གྱི་ཚོགས་པ་ཁ་ཤས་ཀྱི་འགན་ཁུར་སྔོན་ནས་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ས་གནས་འབྲེལ་ཡོད་གཞུང་དུ་ཁྲིམས་མཐུན་གྱི་དེབ་འགོད་བྱས་པ་ཞིག་ཡིན་སྟབས།  ལས་དོན་ཐད་མུ་མཐུད་རྒྱུན་སྐྱོང་དགོས་པས་རྒྱུ་མཚན་ལ་བརྟེན་དུས་ཚོད་འདང་མིན་གྱིས་གཞུང་སྒེར་གཉིས་ཐོག་འཐུས་ཤོར་འགྲོ་རྒྱུར་ཟུར་བལྟས་ལེབ་མཐོང་དུ་འཁུམ། འོན་ཀྱང་རྒྱུན་སྲོལ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་དོན་མི་འགལ་ཙམ་གྱི་ཆེད་དུ་ལོ་རེར་ཚོགས་འདུ་ཐེངས་གཅིག་གི་བརྒྱ་ཆ་ལྔ་བཅུ་ལོན་ཙམ་བྱས་ཏེ་མི་ལོ་ལྔ་བསྐྱལ་ན་མི་འཐུས་པ་མེད་ཀྱང་དེ་ནི་མིང་ཙམ་ལས་གཞུང་སྒེར་སུ་ལའང་ཁེ་ཕན་གང་ཡང་མེད་པ་དང་། ལྷག་པར་དུ་ས་གནས་སུ་འཚམས་གཟིགས་སོགས་སུ་བསྐྱོད་མ་ཐུབ་ཚེ་མི་མང་གི་བདེ་སྡུག་ལ་གཟིགས་རྟོགས་ཞུ་དགོས་པ་དེ་དག་ནི་ཉིན་མོའི་རྨི་ལམ་ཙམ་ཡིན་སྟབས།  དེ་དག་འཐུས་ཤོར་མི་འགྲོ་ཆེད་བོད་མི་མང་མདོ་སྟོད་སྤྱི་འཐུས་དང་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་རྩ་དགོངས་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་འདུག རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་ཏུ་གནས་སྡོད་ཨ་རིའི་གཞུང་ཚབ་པ་མཆོག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་གནང་བ།
    ཟླ་བ་ ༡ ཚེས ༡༩ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༩ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༦ ཉིན་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་གྷེ་རི་ལོཀ་(Gary Locke)མཆོག་གིས་པི་བྷི་ཨེ་སི་(PBS) ཞེས་པའི་ཨ་རིའི་མང་ཚོགས་བརྙན་འཕྲིན་ཁང་གི་གསར་འགོད་པ་ཅར་ལི་རོ་སི་(Charlie Rose)ལགས་ཀྱིས་དྲི་བར་ལན་འདེབས་གནང་སྐབས། ད་ལྟའི་རྒྱ་ནག་དམར་པོའི་སྲིད་གཞུང་འོག་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ཐེར་འདོན་གནང་སྟེ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། དེ་བཞིན་གཞུང་ཚབ་མཆོག་གིས་སྔ་ལོ་དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨ་ཕི་རི་ཁ་སོགས་ཀྱི་ནང་མང་ཚོགས་ཀྱིས་གཅིག་བསྡུས་ལམ་ལུགས་ལ་ཞི་རྒོལ་གྱི་སྒེར་ལངས་ཆེན་པོ་བྱས་པའི་དོན་རྐྱེན་བྱུང་རྗེས་རྒྱ་ནག་ཏུ་མང་གཙོའི་ལས་འགུལ་བ་དང་ཆབ་སྲིད་ཀྱི་བསམ་ཚུལ་མི་མཐུན་པའི་མི་སྣ།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བཀྲ་རྒྱལ་ཚང་གི་སྐལ་བཟང་ངམ་མགོན་དཀར་ཞུ་བར་རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་མི་མཐུན་པར་གསང་བའི་སྒོ་ནས་ལོ་ ༣ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།
    ཟླ་བ་ ༡ ཚེས ༡༩ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༩ རེས་གཟའ་ཕུར་བུ། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མདོ་སྨད་རྔ་པའི་བུ་བློ་བཟང་འཇམ་དབྱངས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༡ ཚེས ༡༨ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༧ རེས་གཟའ་ལྷག་པ། ༄༅། །འདི་གར་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས༌ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོ།  ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཇར་མན་གཞུང་གིས་རྒྱ་ནག་གཞུང་ལ་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུན་བཏོན་པ།
    ཟླ་བ་ ༡ ཚེས ༡༨ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༨ རེསགཟའ་ལྷག་པ། ༄༅། །ཇར་མན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མར་ཀོ་སི་ལོ་ནིང་(Markus Loning)མཆོག་ནས་རྒྱ་ནག་གཞུང་གིས་ད་ལྟ་བོད་ནང་དུ་འཛིན་བཞིན་པའི་སྲིད་བྱུས་དེར་བསྐྱར་ཞིབ་ཐོག་བོད་མི་ཚོར་རིག་གཞུང་དང་ཆོས་དད་རང་དབང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད། དེ་ཡང་ཁོང་གིས་དེང་སྐབས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་གི་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་མི་ཚོ་ད་ལྟའི་སྲིད་བྱུས་འོག་འདོད་བློ་མི་ཁེངས་པའི་རྣམ་པ་ཤུགས་ཆེ་ཡོད་པར་བརྟེན་འ་ཆད་འུ་ཐུག་གི་གནས་སྟངས་སུ་གྱྱར་ཡོད་པ་གསལ་པོ་ཡིན་སྐོར་གསུངས་ཡོད།  གཞན་ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཆེ་བའི་སྲིད་བྱུས་དེའི་འོག་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། བོད་མི་ཚོའི་དཀའ་ངལ་དེ་སེལ་ཆེད་ངེས་པར་དུ་སྲིད་བྱུས་ལ་འགྱུར་བཅོས་བཏང་སྟེ་དམ་བསྒྲགས་འཕྲལ་མར་མཚམས་འཇོག་གིས་གུ་ཡངས་ལྡན་པའི་སྲིད་བྱུས་ལག་བསྟར་དགོས་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་རེ་འདུན་ཤུགས་ཆེ་བཏོན་ཡོད། ཕྱོགས་མཚུངས་ཇར་མན་སྲིད་གཞུང་གིས་བོད་ནང་དུ་བོད་མི་ཚོའི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱ་ནག་གཞུང་གིས་འགོག་རྐྱེན་གང་ཡང་མེད་པར་རྒྱལ་སྤྱིའི་གསར་འགོད་པ་དང་ཆབ་སྲིད་མི་སྣ། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་ཆེད་གཏོང་དགོས་པའི་རེ་འདུན་བསྐྱར་ནན་བྱས་ཡོད་པ་བཅས།། རྒྱས་པ་འདིར་གཟིགས་རོགས་གནང་།
  • བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་ཕེབས།
    ཟླ་བ་ ༡ ཚེས ༡༧ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༧ རེས་གཟའ་མིག་དམར། ༄༅། །བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལྡི་ལིའི་ལས་རིམ་ཁག་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༩ ནས་ ༢༣ བར་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག དེ་ཡང་ཕྱི་ཟླ་ ༡ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ནང་སྲིད་བཀའ་བློན་མཆོག་རྒྱ་གར་བྱང་ཤར་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད།
    ཟླ་བ་ ༡ ཚེས ༡༧ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༧ རེས་གཟའ་མིག་དམར། ༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༣ ནས་ཟླ་ ༡ ཚེས་ ༡༩ བར་ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ལྷན་བཅར་ཞུ་ཐོག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལྡི་ལི་ཁུལ་དུ་གཞུང་འབྲེལ་ཕྱོགས་འཕེབས་ཀྱིས་ལས་རིམ་མཇུག་སྒྲིལ་གནང་རྗེས། ཕྱི་ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཧོང་ཀོང་ནས་ཕེབས་པའི་རྒྱ་མི་རིགས་ལ་བོད་དོན་ངོ་སྤྲོད་གནང་བ།
    ཟླ་བ་ ༡ ཚེས ༡༧ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༧ རེས་གཟའ་མིག་དམར། ༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡ ཚེས་ ༡༥ ཉིན་ཀྲུང་ཧྭ་ཨེ་ཤི་ཡ་ཕུལ་བྱུང་འབྲེལ་ལམ་མཐུན་ཚོགས་ནས་གོ་སྒྲིག་གནང་བའི་ཐེ་ཝན་གྱི་འོས་བསྡུའི་མཇུག་འབྲས་དང་རྒྱ་ནག་མང་གཙོ་ཅན་དུ་གྱུར་བའི་མདུན་ལྗོངས། … རྒྱས་པ་འདིར་གཟིགས་རོགས་གནང་།
  • ཨ་མདོ་རྔ་པར་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ།
    ཟླ་བ་ ༡ ཚེས ༡༦ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༦ རེས་གཟའ་ཟླ་བ། ༄༅། །བོད་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༤ ཉིན་གྱི་ཨ་མདོ་རྔ་པར་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་འདུག རང་ལུས་མེར་སྲེག་བཏང་རྗེས་ཁོང་གི་ཕུང་པོ་རྒྱ་གཞུང་ཉེན་རྟོག་པས་ཁྱེར་བར་བརྟེན། ས་གནས་ཡུལ་མི་བདུན་བརྒྱ་ཙམ་གྱིས་ཉེན་རྟོག་ལས་ཁུངས་མཐའ་སྐོར་ཏེ་ཁོང་གི་ཕུང་པོ་རྩིས་སྤྲོད་དགོས་སྐོར་བརྗོད་ཀྱང་ཉེན་རྟོག་པས་ཁས་ལེན་མ་བྱས་སྟབས། ས་གནས་ཡུལ་མི་དང་ཉེན་རྟོག་དབར་འཁྲུག་རྩོད་ཤོར་བར་བརྟེན། ཡུལ་མི་རྒན་མོ་ཞིག་ལ་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བསད་ཡོད་པའི་གནས་ཚུལ་ཐོན་འདུག… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
    ཟླ་བ་ ༡ ཚེས ༡༣ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༣ རེས་གཟའ་པ་སངས། ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་བྷི་ཧར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་དེ་བཞིན་ལེགས་པར་མཇུག་སྒྲིལ་མཛད་རྗེས་རྒྱ་གར་ལྷོ་ཕྱོགས་མ་ཧཱ་རཱ་ཤི་ཏྲ་མངའ་སྡེའི་གྲོང་ཁྱེར་ནུ་ནེར་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་གྲོས་ཚོགས་ཀྱི་ལྷན་ཚོགས་སུ་ལམ་སྟོན་བཀའ་སློབ་སྩལ་གྲུབ་བསྟུན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༣ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་རྡ་སའི་ཉེ་འགྲམ་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས།… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་རྒྱ་མི་རིགས་ལ་བོད་དོན་ངོ་སྤྲོད་གནང་བ།
    ཟླ་བ་ ༡ ཚེས ༡༣ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༣ རེས་གཟའ་པ་སངས། ༄༅། འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༣ ལ་བཏང་གནས་ནང་འཁོད་དོན། ཐེ་ཝན་གྱི་སྲིད་འཛིན་དང་། གྲོས་ཚོགས་འཐུས་མིའི་འོས་བསྡུ་ཆེན་མོ་ཕྱི་ཟླ་ ༡ ཚེས་ ༡༤… རྒྱས་པ་འདིར་གཟིགས་རོགས་གནང་།
  • བཀའ་ཁྲི་མཆོག་གིས་ཇིན་ཌལ་རྒྱལ་སྤྱིའི་ལས་དོན་གྱི་ཤེས་ཡོན་སློབ་གྲྭར་གསུང་བཤད་གནང་བ།
    ཟླ་བ་ ༡ ཚེས ༡༣ ༢༠༡༢
     •  Published By Tenzin RInzin
     
    ༢༠༡༢ ཟླ་ ༡ ཚེས་ ༡༣ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཧ་རི་ཡཱ་ན་མངའ་སྡེའི་སོ་ནི་པཏ་(Sonipat)རྫོང་ཁོངས་སུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལས་དོན་གྱི་ཤེས་ཡོན་སློབ་གྲྭར་ (Jindal School of International Affairs)… རྒྱས་པ་འདིར་གཟིགས་རོགས་གནང་།