[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  • དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཤིན་ཛོ་ཨ་བྷེ་མཆོག་སླར་ཡང་ཉི་ཧོང་གི་གུ་ཡངས་མང་གཙོ་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་བར་འཚམས་འཕྲིན་གནང་བ།
    ཟླ་བ་ ༩ ཚེས ༢༡ ༢༠༡༨
     •  Published By Bhara Yeshi Kundak
     
    ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས། ༄༅། །སྐུ་ཞབས་ཤིན་ཛོ་ཨ་བྷེ་ Shinzo Abe མཆོག་ཉི་ཧོང་གི་གཞུང་འཛིན་པ་གུ་ཡངས་མང་གཙོ་ཚོགས་པའི་ Liberal Democratic Party ཚོགས་གཙོ་སླར་ཡང་འོས་འདེམས་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༩… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་གིས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ལག་བསྟར་ལ་འགན་སྲུང་བྱེད་ཀྱི་ཡོད་དམ།
    ཟླ་བ་ ༩ ཚེས ༢༡ ༢༠༡༨
     •  Published By ngawang thokmey
     
    ༢༠༡༨ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས། ༄༅། །ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་《ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་གཅིག་འགྲེམས་སྤེལ་བྱས་ཏེ་ནན་བཤད་བྱེད་དོན། ཀྲུང་གོས་ཆོས་ལུགས་རང་བདག་རང་སྒྲུབ་དང་། ཆོས་ལུགས་གནས་པ་དང་གོང་འཕེལ་འགྲོ་བ་ངེས་པར་དུ་གནས་ཡུལ་དེའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་དགོས་པ་དང་། རང་ཡུལ་ཅན་གྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་རྒྱལ་ཁབ་ཕྱིའི་སྟོབས་ཤུགས་ཀྱིས་ཁ་ལོ་སྒྱུར་མི་ཐུབ་པ་བྱ་དགོས་ཞེས་དང་། རྒྱབ་ཤ་དཀར་པོའི་ནང་གསལ་དོན། རྒྱ་ནག་གིས་ཆོས་ལུགས་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་ཆོས་ལུགས་བྱ་བའི་དོན་དངོས་བཅས་གཞིར་བཞག་སྟེ། ཁྲིམས་ལྟར་ཆོས་ལུགས་དད་མོས་རང་དབང་འགན་སྲུང་དང་། ཆོས་ལུགས་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད། ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ལམ་ལྷོང་ལྡན་པའི་འགྲོ་ལམ་ཞིག་ཏུ་བསྐྱོད་ཡོད་ཅེས་འཁོད་འདུག འོན་ཀྱང་། དངོས་ཡོད་གནས་ཚུལ་ནི་དེ་འདྲ་ཞིག་ག་ལ་ཡིན།《ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་དང་ལག་བསྟར་ལ་འགན་ལེན》ཞེས་པའི་རྒྱབ་ཤ་དཀར་པོ་དེའི་འབྲུ་དོན་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་རྒྱལ་ཁབ་ཛུ་རིག་ཏུ་༸ཞབས་སོར་བདེ་བར་འཁོད་པ།
    ཟླ་བ་ ༩ ཚེས ༢༡ ༢༠༡༨
     •  Published By Kalsang Dekyi
     
    ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས། ༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཙམ་ལ་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་༸ཞབས་སོར་བདེ་བར་འཁོད་སྐབས་སུད་སའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས་ཡུལ་དེར་རྟེན་གཞི་བྱས་པའི་བོད་རིགས་མང་ཚོགས་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་ཡང་ཚེས་ ༢༠ ཉིན་མགོན་པོ་གང་ཉིད་མཆོག་༸ཞབས་སོར་འཁོད་མཚམས་ཐོག་མར་གསར་འགོད་པ་ཚོར་བཀའ་སློབ་དང་དྲི་བར་བཀའ་ལན་མཛད། དེ་ཡར་མཛད་འཆར་ལྟར་ན་ཕྱི་ཚེས་༢༡… རྒྱས་པ་འདིར་གཟིགས་རོགས་གནང་།
  • གསལ་བསྒྲགས།
    ཟླ་བ་ ༩ ཚེས ༢༠ ༢༠༡༨
     •  Published By ngawang thokmey
     
    ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ། ༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལིའུ་དྲུག་པའི་དོན་ཚན་ ༦༣ ནང་གསེས་ ༡ དགོངས་དོན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་གཞན་གཅིག་གི་གོ་ཡུལ་སྟོང་པ་ཐོན་པར་ཁ་སྐོང་གནང་ཕྱོགས་ཀྱི་ལས་རིམ་ལག་བསྟར་བརྒྱུད་འདེམས་སྒྲུག་ཚོགས་ཆུང་ནས་མི་འགྲོ་འཆར་འབུལ་བྱུང་བ་ལྟར། ད་ལམ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་གཉིས་པ་སྟེ་ཕྱི་ལོ་ ༢༠༡༨ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ།
    ཟླ་བ་ ༩ ཚེས ༢༠ ༢༠༡༨
     •  Published By ngawang thokmey
     
    ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ ཉིན་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Initiative Deutschland དང་། དགའ་ལྡན་ཕོ་བྲང་ཟུང་འབྲེལ་གྱིས་འཇར་མན་གྲོང་ཁྱེར་ཌམ་སི་ཌ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ས་གནས་ཀྱི་མགྲོན་ཤོག་དེ་རྒྱལ་སྤྱིའི་མགྲོན་ཤོག་ལས་གལ་ཆེ་བར་རྩི་བཞིན་ཡོད།
    ཟླ་བ་ ༩ ཚེས ༢༠ ༢༠༡༨
     •  Published By Bhara Yeshi Kundak
     
    ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ། ༄༅། །ལོ་ལྟར་ཕྱི་ཟླ་ ༩ ནང་རྡ་ས་མེག་གྷན་ཁུལ་གྱི་ཡུལ་མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་དུས་སྟོན་དང་སྦྲགས། ཚོང་འདུས་ Mela བཙུགས་ཏེ་མི་མང་འདུ་འཛོམས་ཆེན་པོ་ཡོང་བཞིན་ཡོད། ཚོང་འདུས་དུས་སྟོན་ཉིན་མཐའ་མར་སྦེ་ག་ Kushti Dangal རྩེ་འགྲན་ཐོག་ཚོང་འདུས་གོ་སྒྲིག་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་ཆེད་ཕེབས་གནང་ཡོད། དེ་ཡང་ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར།
    ཟླ་བ་ ༩ ཚེས ༢༠ ༢༠༡༨
     •  Published By ngawang thokmey
     
    ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ། སྔོན་གླེང་། ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  བོད་རྗེ་བཙན་པོ་རིམ་བྱོན་ནས་བཟུང་རིམ་བཞིན་༸གོང་ས་༸རྒྱལ་དབང་༸སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་འཁྲིད་གནང་བའི་དུས་སྐབས་སུ་པུར་རྒྱལ་བོད་ཅེས་ཤར་གླིང་དབུས་མའི་ནང་རྒྱ་བོད་ཧོར་གསུམ་དཔུང་སྟོབས་དང་མངའ་ཐང་འདྲ་མཚུངས་སུ་གནས་པའི་རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་གཞུང་འགོ་བཙུགས་མ་ཐག་ནས་རིམ་བཞིན་བོད་ལ་དྲག་པོས་བཙན་འཛུལ་གྱིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ལ་དབང་བསྒྱུར་ཏེ་མི་ལོ་ ༧༠ ཟིན་ལ་ཉེ་ཡང་བོད་མི་རིགས་ལ་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་ནམ་ཡང་བཏང་མེད། བོད་མི་རྣམས་བོད་ས་རང་དུ་གཉེན་ཉེ་ཐུག་འཕྲད་དང་གནས་སྐོར་ཆོས་མཇལ་སོགས་འགྲོ་བར་འཛམ་གླིང་ཤར་ནུབ་རྒྱལ་ཁབ་གཞན་ནས་གཞན་དུ་བགྲོད་པ་ལས་ཀྱང་དཀའ་ཚེགས་ཆེ་བའི་འགག་སྒོ་རིམ་པ་བརྒྱུད་དེ་ལག་ཁྱེར་སྣ་ཚོགས་བསྟན་དགོས་པ་མ་ཟད། དགོན་སྡེ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སོགས་ཀྱི་ཆོག་མཆན་མེད་པར་ཉེ་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་ཏུའང་བསྐྱོད་མི་ཆོག་པ་སོགས་ནི་མིང་འདོགས་མ་བྱས་པའི་བཙོན་ར་ངོ་མ་ཞིག་གི་ནང་འགྲོ་བ་མི་ཡི་ཐོབ་ཐང་སྤུ་ཙམ་ཡང་མེད་པ་བྱས་ཡོད། ཕན་བདེའི་གཞི་རྩ་ཆོས་བརྒྱུད་སོ་སོའི་རིང་ལུགས་བཞིན་ཕྱག་མཆོད་གནང་ཡུལ་མཆོད་ཁང་དང་། ཕྱག་ཁང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།
    ཟླ་བ་ ༩ ཚེས ༢༠ ༢༠༡༨
     •  Published By ngawang thokmey
     
    ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ། སྔོན་གླེང་། ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཁེན་ (John McCain) མཆོག་ཕྱི་ལོ་ ༡༩༣༦ ལོར་ཡབ་(ཇོན་ཨེས་མེ་ཁེན་John S. McCain) ལགས་(ཨ་རིའི་མཚོ་དམག་གི་དམག་སྤྱི་) དང་ཡུམ་(རོ་སྦར་ཀྲ་མེ་ཁེན་Roberta… རྒྱས་པ་འདིར་གཟིགས་རོགས་གནང་།
  • གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་མཆོག་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།
    ཟླ་བ་ ༩ ཚེས ༢༠ ༢༠༡༨
     •  Published By ngawang thokmey
     
    ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ། སྔོན་གླེང་། ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་འཕྱོངས་རྒྱས་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་མཆོག་དགུང་བབས་བགྲེས་ནད་ཀྱི་རྐྱེན་པས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༠ ཉིན་དགོང་དྲོའི་ཆུ་ཚོད་ ༤།༥༡ ཙམ་ལ་བཞུགས་སྒར་ལྷ་རྒྱལ་རིའི་བགྲེས་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་། དམ་པ་ཁོང་ནི་ཡབ་དོན་གྲུབ་ཚེ་འཕེལ་དང་ཡུམ་རིན་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།
    ཟླ་བ་ ༩ ཚེས ༢༠ ༢༠༡༨
     •  Published By ngawang thokmey
     
    ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ། སྔོན་གླེང་། ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡེ་ (Shri. Atal Bihari Vajpayee) མཆོག་རྒྱུན་རིང་སྙུང་གཞིའི་རྐྱེན་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེམ་སི་ (AIIMS) སྨན་ཁང་དུ་དགུང་ལོ་ ༩༣ ཐོག་ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནེ་དར་ལེན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་སྐོར་བཀའ་སློབ་སྩལ་བ།
    ཟླ་བ་ ༩ ཚེས ༢༠ ༢༠༡༨
     •  Published By ngawang thokmey
     
    ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནེ་དར་ལེན་ཌིའི་གྲོང་ཁྱེར་རོ་ཊར་ཌམ་ཞེས་པའི་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་དྲུག་དང་མཇལ་འཕྲད་མཛད་འདུག  སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ད་བར་བོད་མི་དང་བོད་དོན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་མཛད་དོན། “དུས་ཚོད་རིམ་སོང་སྐབས་བོད་པའི་རིག་གཞུང་དེ་ཕན་ཐོགས་ཆེ་ལ་གནས་ཚད་ཧ་ཅང་མཐོན་པོར་སོན་པའི་རིག་གཞུང་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།  འོན་ཀྱང་བོད་ནང་རིག་གཞུང་དེ་དག་རིམ་བཞིན་རྩ་མེད་དུ་འགྲོ་བཞིན་ཡོད།  བོད་འདི་རྒྱ་དཀར་ནག་གཉིས་ཀྱི་བར་གནས་ཡིན་སྟབས་ཆབ་སྲིད་ཐོག་ནས་དུས་རྟག་ཏུ་གནད་འགག་ཆེན་པོ་ཆགས་ཡོད།  བོད་རང་བཙན་ཐོབ་ཟེར་རྒྱུ་ཁག་པོ་རེད། … རྒྱས་པ་འདིར་གཟིགས་རོགས་གནང་།
  • ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་བ།
    ཟླ་བ་ ༩ ཚེས ༡༩ ༢༠༡༨
     •  Published By Bhara Yeshi Kundak
     
    ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ རེས་གཟའ་ལྷག་པ།   ༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་སྟེང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད། དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་དང་པོའི་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བདག་ཉིད་ཆེན་པོ་གཱན་དྷིའི་འཚེ་མེད་ཞི་བའི་གཟེངས་རྟགས་འབུལ་ཆེད་༸གོང་ས་མཆོག་གི་མཚན་བདམས་ཐོན་བྱུང་བ།
    ཟླ་བ་ ༩ ཚེས ༡༩ ༢༠༡༨
     •  Published By ngawang thokmey
     
    ༢༠༡༨ ཟླ་ ༩ ཚེས་ ༡༩ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ ཉིན་རྒྱ་གར་ཧིན་དུ་ (The Hindu) ཞེས་པའི་ཉིན་རེའི་གསར་ཤོག་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༨… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཀྲུའུ་ཝེ་ཆོན་གྱིས་དབུ་མའི་ལམ་སྲིད་བྱུས་ལ་འཚིག་ཟའི་དགག་པར་ལན་འདེབས།
    ཟླ་བ་ ༩ ཚེས ༡༩ ༢༠༡༨
     •  Published By ngawang thokmey
     
    ༢༠༡༩ ཟླ་ ༩ ཚེས་ ༡༩ རེས་གཟའ་ལྷག་པ། ༄༅། །འདི་ལོ་དབྱར་ཁ་གཞུང་འཛིན་མ་ཡིན་པའི་བཙན་བྱོལ་བོད་མིའི་ཚོགས་པ་ཁག་གཉིས་ཀྱིས་དྷ་རམ་སཱ་ལར་ཚོགས་འདུ་གཅིག་མཇུག་གཉིས་མཐུད་འཚོགས་སོང་། ཚོགས་པ་གཅིག་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་ཡིན་པ་དང་། གཞན་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་འོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་བར་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། ཚོགས་འདུ་དེ་གཉིས་ཀྱིས་ཀྲུའུ་ཝེ་ཆོན་ཁོང་ཁྲོས་མྱོས་པ་མ་ཟད་རྨག་རུམ་ནང་ནས་ཚོད་དཔག་གང་བྱུང་བྱེད་དགོས་ཀྱི་གནས་སྟངས་ཡང་ཆགས་ཡོད། ཀྲུའུ་ཝེ་ཆོན་ནི་དེ་སྔ་གསར་འགོད་པ་ཞིག་ཡིན་པ་དང་། དེའི་རྗེས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱུན་ལས་བློན་ཆེན་གཞོན་པ་ཡང་བྱས་པ་རེད། ལས་གནས་དེའི་འོག་ནས་ཁོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་གྲོས་མོལ་རིམ་པའི་ནང་མཉམ་ཞུགས་བྱེད་མྱོང་ཡོད། ཁོ་ད་ལྟ་རྒྱ་ནག་གི་ཆོས་ལུགས་དང་མི་རིགས་ལས་དོན་ཁང་གི་འགན་འཛིན་གྱི་ལས་འཁུར་ཞུ་བཞིན་ཡོད་པ་རེད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།
    ཟླ་བ་ ༩ ཚེས ༡༩ ༢༠༡༨
     •  Published By Bhara Yeshi Kundak
     
    ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ རེས་གཟའ་ལྷག་པ།    ༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ།… རྒྱས་པ་འདིར་གཟིགས་རོགས་གནང་།