Published By ngawang thokmey

༢༠༡༨ ཟླ་ ༩ ཚེས་ ༦ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༦ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀའ་དྲིན་སྩལ་རྗེས་དགེ་བསྙེན་སྡོམ་པ་དང་བྱང་སེམས་སྡོམ་པ་འབོག་ཆོག་མཛད། 

ཕྱི་ཉིན་ཏེ་ཕྱི་ཚེས་ ༧ སྔ་དྲོ་ཆུ་ཚོད་ ༡༠།༢༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་ཞུ་བ་ཡོངས་དང་ལྷན་དུ་སྐུ་པར་ལྷན་སྒྲོན་མཛད་རྗེས་གཙུག་ལག་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཆོས་ཞུ་བ་རྣམས་ཀྱི་དྲི་བར་བཀའ་ལན་སྩ།  དྲི་བ་དེ་དག་སེམས་ནང་ཞི་བདེ་གོང་འཕེལ་གཏོང་ཕྱོགས་དང་། ནང་ཆོས་ཉམས་ལེན་བྱེད་སྟངས། སྤྱི་ཚོགས་ནང་གི་དཀའ་ངལ་རྣམས་ལ་ཆོས་ཀྱི་བསམ་བློའི་ཐོག་ནས་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་དྲི་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐབས་མཁས་ཐུགས་རྗེ་ཆེན་པོས་གདུལ་བྱའི་ཁམས་དང་དབང་པོར་འཚམ་པའི་བཀའ་ལན་མཛད། 

དེ་རྗེས་ཆུ་ཚོད་ ༡༡།༤༠ ཙམ་ལ་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་གང་ཉིད་ཀྱི་གདུལ་བྱར་གྱུར་བ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་སྡེ་ཚན་སོ་སོར་ཆ་བགོས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་སྐུ་པར་ལྷན་སྒྲོན་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས། 

ཐེངས་འདིར་གསུང་ཆོས་ལ་༸རྒྱལ་ཁབ་ ༧༡ བླ་མ་དང་མཁན་པོ། དེ་བཞིན་དགེ་བསྙེན་དང་ཁྱིམ་པ་ཕོ་མོ་སོགས་ཕེབས་ཡོད་པ་མ་ཟད། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དབུས་གདན་ས་ཁག་གི་མཁན་ལས་ཟུར་མང་པོས་གཙོས་གྲྭ་བཙུན་སྔགས་གསུམ་སོགས་ཁྱོན་མི་གྲངས་ ༦༠༠༠ ཆོས་ཞུར་བཅར་ཡོད་པ་བཅས།། 

 

Share with your friends










Submit