ཟླ་བ་ ༨ ཚེས ༩ ༢༠༡༨
Published By Kalsang Dekyi

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༩ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་གྷོ་བ་ནང་གི་མཛད་འཕྲིན་ལེགས་པར་གྲུབ་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་འདུག2018 08 09 Bengaluru G05 Sa91769

 

དེ་ཡང་མགོན་པོ་གང་ཉིད་མཆོག་གྲོང་ཁྱེར་དེའི་ནང་གི་ Conrad ཞེས་པའི་གསོལ་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་ཤར་བྱང་ཆོས་རྗེ་རྣམ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། ལྷོ་སྤྱིས་གཙོས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ། དེ་བཞིན་གདན་ས་ཁག་དང་དགོན་སྡེ་གྲྭ་ཚང་གི་མཁན་བླ་སྤྲུལ་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།2018 08 09 Bengaluru G04 A736831

 

སྤྱིར་མགོན་པོ་གང་ཉིད་མཆོག་གིས་གྲོང་ཁྱེར་དེའི་ནང་མཛད་འཕྲིན་གཙོ་བོ་ནི། ཕྱི་ཚེས་ ༡༠ ཉིན་ Taj west Hotel གསོལ་མགྲོན་ཁང་དུ་ཀར་ན་ཀྲ་ཀ་མངའ་སྡེའི་ཁྱབ་ཁོངས་སུ་གཏོགས་པའི་བོད་མི་རྣམས་ནས་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་དང་། དེ་བཞིན་ཝ་ན་ཐེབས་རྩ་ཁང་གི་གོ་སྒྲིག་འོག་རྒྱ་གར་སློབ་ཕྲུག་རྣམས་ལ་དུས་རབས་ ༢༡ པའི་ནང་གི་བྱམས་བརྩེའི་ནུས་པ་དང་། རྒྱ་གར་གནའ་རབས་ཀྱི་རིག་གཞུང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་འདུག གཞན་ཡང་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་བུའི་ཉལ་ཁང་དབུ་འབྱེད་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག་པ་བཅས།།

2018 08 09 Bengaluru G01 Sa91767

Share with your friends










Submit