ཟླ་བ་ ༨ ཚེས ༧ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༧ རེས་གཟའ་མིག་དམར།


༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་གྷོ་བར་༸ཞབས་སོར་བདེ་བར་འཁོད་ཡོད།

དེ་ཡང་མགོན་པོ་གང་ཉིད་མཆོག་ཧ་ཡ་ཏི་གསོལ་མགྲོན་ཁང་དུ་ Grand Hyatt ༸ཞབས་སོར་བདེ་བར་འཁོད་སྐབས་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་དང་། གསོལ་མགྲོན་ཁང་གི་སྤྱི་ཁྱབ་འགན་འཛིན་ Jaco Le Roux ལགས་ཀྱིས་གཙོས་མགྲོན་ཁང་གི་ལས་བྱེད་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

དེ་ཡང་གྷོ་བ་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་གར་ནང་གི་ཚོང་དོན་སློབ་གྲྭ་གྲགས་ཅན་ Goa Institute of Management ཞེས་པས་ཇི་ལྟར་སྔོན་ནས་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་སང་ཕྱི་ཚེས་ ༨ ཉིན་སློབ་གཉེར་ཁང་དེ་ཉིད་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་དབུ་བཞུགས་ཀྱིས་དགེ་ལས་སློབ་ཕྲུག་རྣམས་ལ་དེང་གི་དུས་སུ་སེམས་དང་སེམས་ཀྱི་བྱེད་ལས་སྐོར་གྱི་རྒྱ་གར་གྱི་གནའ་བོའི་ལེགས་བཤད་ཀྱི་ཕན་ཐོགས་སྐོར་བཀའ་སློབ་བསྩལ་རྒྱུ་ཡིན་པ་བཅས། །

Share with your friends










Submit