ཟླ་བ་ ༨ ཚེས ༧ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༧ རེས་གཟའ་མིག་དམར།


༄༅། །འདི་གར་སྡེ་རྭ་ལྡུན་ཁྱབ་ཁོངས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞི་ (ISDP) ལག་བསྟར་ཞུ་ཐུབ་མཁན་ཁོངས་རྒྱ་གར་བྱང་ཕྱོགས་བོད་མིའི་ས་ཁག་ནས་སྡེ་རྭ་ལྡུན་ཁྱབ་ཁོངས་བདེ་སྐྱིད་གླིང་ལག་ཤེས་བཟོ་གྲྭ་དང་། ཁམས་གླིང་ཚང་གཞིས་ཆགས་གཉིས་ངོས་བཞེས་འདེམས་ཐོན་བྱུང་ཡོད།

དེ་ཡང་བདེ་སྐྱིད་གླིང་ལག་ཤེས་བཟོ་གྲྭའི་ལས་འཆར་ཚོགས་ཆུང་གི་མི་འགྲོ་ཁག་གཅིག་པ་ནི་པཊ་ Panipat ས་གནས་སུ་ཆེད་བཅར་གྱིས་འབྲེལ་ཡོད་རྒྱ་གར་འཕྲུལ་ཆས་བཟོ་ཚོང་སྡེ་ཚོགས་མཉམ་པང་གདན་འཕྲུལ་ཆས་སྤུས་གཟིགས་ཆེད་གན་ཡིག་བཞག་ཏེ་རིང་མིན་ནང་སྲིད་ལས་ཁུངས་ནས་ལས་འཆར་དགོས་དངུལ་གནང་འབྱོར་བསྟུན་ལག་ཤེས་སྦྱོང་བརྡར་དང། ཚོང་ཟོག་འདོན་སྤེལ། ཁྲོམ་ཚོང་བཅས་དེང་དུས་དང་མཐུན་པའི་ལས་གཞི་ལག་བསྟར་འགོ་འཛུགས་ཞུ་གཏན་འཁེལ་ཡོད།

གླིང་ཚང་གཞིས་ཆགས་ནས་དྲིལ་བུ་ཏིང་ཤགས་སོགས་གནའ་བོའི་བོད་ཀྱི་ལག་ཤེས་བཟོ་རིགས་སྦྱོང་བརྡར་ཆེད་ཡོ་བྱད་གསར་ཉོ་ཟིན་ཏེ་ད་ལྟའི་ཆར་སློབ་ཕྲུག་བུ་གྲངས་ ༡༠ དང་བེུད་ ༣ བཅས་མི་གྲངས་ ༡༣ ལ་སྦྱོང་བརྡར་ཕྱི་ལོ་  ༢༠༡༨  ཟླ་ ༨  ཚེས་ ༡ ཉིན་ནས་འགོ་འཛུགས་ཀྱིས་ཡོང་གྱུར་ཟླ་གྲངས་ ༥ ནང་ཚུད་མཇུག་སྒྲིལ་རྗེས། ཐོན་སྐྱེད་འདོན་སྤེལ་དང་ཁྲོམ་ཚོང་བཅས་ཀྱི་ལས་གཞི་ལག་བསྟར་ཞུ་གཏན་འཁེལ་ཡོད་པ་བཅས། །

 

Share with your friends










Submit