ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །མཚུངས་མེད་ས་གནས་འགོ་འཛིན་ལྷན་རྒྱས་མཆོག་ལ།
                                                               ཆེད་ཞུ། འདི་ག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༩ ཉིན་ཁྱབ་ཁོངས་དགོན་སྡེ་ཆུང་ཁག་ལ་ཉམས་གསོའི་ལས་དོན་ཆུང་ཙག་སླད་རོགས་རམ་འོས་བབ་རེ་གནང་རྒྱུའི་གསལ་བསྒྲགས་སྤེལ་བའི་ནང་། ཕྱི་ཟླ་ ༧ ཚེས་ ༡༥ འགྱངས་མེད་འདི་གར་སྙན་ཞུ་ཕུལ་འབྱོར་ཟིན་པ་དགོས་རྒྱུ་འཁོད་ཡོད་རུང་། འདི་ནས་དུས་ཡུན་ཕར་འགྱངས་ཀྱིས་གོང་གསལ་ལས་གཞིའི་ཐོག་སྙན་ཞུ་འབུལ་མཁན་ཡོད་རིགས་ནས་གསལ་བསྒྲགས་སྔོན་སོང་ནང་གསལ་ལྟར་སྙན་ཞུ་དང་དགོས་མཁོའི་ཡིག་ཆ་ཁག་ཆོས་རིག་ལས་ཁུངས་ཀྱི་གློག་འཕྲིན་ནམ་སྦྲག་བརྒྱུད་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༡ འགྱངས་མེད་ཕུལ་འབྱོར་ཟིན་པ་དགོས་རྒྱུ་དང་། གོང་གསལ་དུས་བཀག་རྗེས་སྙན་ཞུ་ཕུལ་འབྱོར་བྱུང་རིགས་ལ་དགོངས་བཞེས་གནང་ཐབས་མེད་པས་དེ་དོན་ཁུངས་ཁྱབ་ནན་འདྲོངས་ཡོང་བ་ཞུ། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ ཉིན།
                                                                                                                    ཕུལ།།

Download

Share with your friends










Submit