ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ རེས་གཟའ་ཕུར་བུ།

༄༅།། བོད་འབངས་ཡོངས་ཀྱི་སྙན་ལམ་དུ།

                                           ཆེད་ཞུ། རང་རེའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་སྐྱེས་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། ཕན་བདེ་མ་ལུས་པའི་འབྱུང་གནས་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་གནས་ལ་ཕྱོགས་བཅུར་རྒྱས་པ། ལྷག་པར་༸སྐུའི་དགུང་ཀེག་གི་བར་ཆད་བཟློག་སླད་དང་བོད་མིའི་སྤྱི་མཐུན་བསོད་ནམས་གསོག་སྤེལ་ཆེད། བླ་ལྷའི་བཀའ་ལུང་དགོངས་དོན། གཞུང་འབྲེལ་ཞབས་རིམ་ཟུར་སྒྲུབ་གནང་རྒྱུའི་ཐོག ས་གནས་གཞིས་སྒར་ཁག་དང་རིས་མེད་དགོན་སྡེ་ཆེ་འབྲིང་ཡོངས་ནས་འདི་ལོའི་ཆོས་འཁོར་དུས་ཆེན་ནས་དབུ་འཛུགས་ཀྱིས་འཆར་ལོའི་ལྷ་བབས་དུས་ཆེན་བར༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག་གང་མང་དམིགས་བསལ་གནད་སྨིནགསོག་འདོན་གནང་སྟེ་སྒྲུབ་ཐོ་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣༠ ནང་ཚུད་འདི་ག་ཆོས་རིག་ལས་ཁུངས་སུ་གནང་སྐྱོང་ཡོང་བ་ཞུ་རྒྱུའི་འབོད་སྐུལ་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༡ ལ་སྤེལ།།

 

Share with your friends










Submit