ཟླ་བ་ ༧ ཚེས ༡༢ ༢༠༡༨
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ རེས་གཟའ་ཕུར་བུ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༥ ནས་ཚེས་ ༡༩ བར་ཉིན་གྲངས་ལྔའི་རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་བཞིའི་ནང་ས་གནས་མི་མང་རྣམས་ལ་ ༼མང་གཙོ་དང་ཆིག་སྒྲིལ།༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་གནང་བ་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་ལྡི་ལི་ནས་སྦེང་ལོར་དང་ཧུབ་ལི་བརྒྱུད་མོན་གྷོ་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་མོན་གྷོ་གཞིས་ཆགས་ཀྱི་ཆོས་སྡེ་ཁག་དང་། སློབ་གྲྭ། མི་མང་བཅས་ལ་གསུང་བཤད་གནང་རྒྱུ་དང་།

ཕྱི་ཚེས་ ༡༧ དང  ༡༨ བཅས་ཉིན་གཉིས་རིང་སྦེལ་ཀོབ་གཞིས་ཆགས་ཀྱི་ཆོས་སྡེ་ཁག་དང་། སློབ་གྲྭ། མི་མང་བཅས་ལ་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༩ ཉིན་ཧོན་སུར་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་བཅས་ལ་གསུང་བཤད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༠ ཉིན་སྦེང་ལོར་ནས་ལྡི་ལི་བརྒྱུད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Share with your friends










Submit